བཀའ་ལུང་ལེའུ་སུམ་ཅུ་སོ་གཉིས་པ།
Deuteronomy 32
...
4 ཁོང་ནི་ཕ་བོང་དང་འདྲ། ཁོང་གི་མཛད་པ་ལེགས་འཛོམས་ཡིན།
ཁོང་གི་ལམ་ཧྲིལ་པོ་དྲང་གཞག་ཡིན།
བློས་འཁེལ་ཆོག་པའི་དཀོན་མཆོག་ཁོང་གིས་ནམ་ཡང་གཞུང་དྲང་དོར་མི་སྲིད།
ཁོང་དྲང་བདེན་དྲང་གཞག་ཡིན།
5 ངན་རུལ་གྱི་བྱ་བ་བྱས་མཁན་ནི་ཁོ་ཚོ་ཡིན།
ཁོ་ཚོ་དཀོན་མཆོག་གི་ཕྲུ་གུ་མིན། ཁོ་ཚོའི་སྐྱོན་ནི་ཁོ་ཚོས་རང་གིས་བཟོས་པ་རེད།
ཁོ་ཚོ་ནི་ཀྱོག་ཀྱོག་གྱ་གྱུ་ཅན་གྱི་མི་རབས་ཡིན།
...
28 ཁོ་ཚོ་མི་རིགས་རྨོངས་པ་ཞིག་ཡིན་ཏེ།
ཁོ་ཚོའི་ཁྲོད་དུ་གོ་རྟོགས་ཀྱི་ནུས་པ་མེད།
29 གལ་སྲིད་ཁོ་ཚོར་བློ་གྲོས་ཡོད་པ་ཡིན་ན་ཁོ་ཚོས་བསམ་བློ་ཟབ་ཏུ་གཏོང་གི་རེད།
རང་ལ་མཇུག་འབྲས་གང་འདྲ་འཐོན་རྒྱུ་ཡིན་པ་བསམ་བློ་གཏོང་གི་རེད།



