རུད་ལེའུ་གཉིས་པ།
Ruth 2
...
10 དེ་དུས་ཁོ་མོས་ས་ལ་ཕྱག་བཙལ་ནས་ཁོང་ལ་ “ང་ཕྱི་རྒྱལ་མི་ཡིན་དུས་ང་ལ་ཁྱེད་རང་གི་ཐུགས་རྗེ་ཐོབ་པ་དང་། ཁྱེད་རང་གིས་ང་ལ་ཐུགས་ཁུར་གནང་བ་གང་ཡིན” 11 བོ་ཨ་སུ་ཡིས་ལན་དུ། ཁྱོད་ཀྱི་རང་གི་ཁྱོ་ག་གྲོངས་པའི་རྗེས་ཁྱོད་ཀྱི་སྒྱུག་མོ་ལ་བྱས་པའི་བྱ་བ་ཐམས་ཅད་དང་། ཁྱོད་གང་འདྲ་བྱས་ནས་རང་གི་ཕ་མ་དང་ཉེ་འབྲེལ་གྱི་ས་ཆ་ལས་བྲལ་ནས་ཁྱོད་ལ་རྒྱུས་མེད་པའི་མི་རྒྱུད་ཀྱི་ས་ཆ་ལ་ཡོང་བ་དེ་ངས་སྙན་ཞུ་ཐོས་བྱུང་།
12 ཡ་ཧོ་ཝཱས་ཁྱོད་ཀྱི་ལས་ཀ་ལྟར་ཁྱོད་ལ་བྱ་དགའ་གནང་བར་ཤོག ཨི་སི་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱ་ནས་ཁྱོད་ལ་ལེགས་འཛོམས་ཀྱི་གནང་སྦྱིན་ཡོང་བར་ཤོག ཁོང་གི་གཤོག་པའི་འོག་ཏུ་ཁྱོད་འགེགས་སྲུང་བཙལ་བར་ཡོང་བ་ཡིན།



