ཡོབ་ལེའུ་དང་པོ།
Job 1
...
8 ཡ་ཧོ་ཝཱས་ས་ཏན་ལ་གསུངས། “ཁྱོད་ཀྱིས་ངའི་ཞབས་ཕྱི་ཡོབ་ལ་དོ་སྣང་བྱས་སམ། ས་སྟེང་དུ་ཁོ་ལྟ་བུའི་མི་གཅིག་ཀྱང་མེད། ཁོ་ནི་ལྷག་བསམ་རྣམ་དག་གི་མི་དྲང་པོ་ཡིན། ཁོ་དཀོན་མཆོག་ལ་འཇིགས་ཞིང་བྱ་ངན་ལ་གཡོལ་གྱི་ཡོད” 9 ས་ཏན་གྱིས་ལན་དུ་ཡ་ཧོ་ཝཱ་ལ། “ཡོབ་ཀྱིས་རྒྱུ་རྐྱེན་གང་ཡང་མེད་པར་དཀོན་མཆོག་ལ་འཇིགས་སམ། 10 ཁྱེད་ཀྱིས་ཁོ་དང་ཁོའི་ཁྱིམ་དང་ཁོ་ལ་ཡོད་པ་ཐམས་ཅད་སྲུང་སྐྱོབ་ཀྱི་རིབ་མས་མ་བསྐོར་རམ། ཁྱེད་ཀྱིས་ཁོའི་ལག་པའི་བྱ་བ་ཐོག་བདེ་ལེགས་སྤེལ་བ་དང་། ཁོའི་ཕྱུགས་རིགས་ས་སྟེང་དུ་འཕེལ་ཡོད།
11 འོན་ཀྱང་དེ་ལས་ལྡོག་སྟེ་ཁྱེད་ཀྱི་ཕྱག་བརྐྱངས་ནས་ཁོ་ལ་ཡོད་པ་ཐམས་ཅད་ལ་རྡུང་བརྡེག་གནང་དང་། དེ་ལྟར་གནང་ན་ཁོས་ཁྱེད་ཉིད་ཀྱི་ཞལ་ངོར་དམོད་པ་རྒྱག་ངེས་ཡིན” 12 ཡ་ཧོ་ཝཱས་ས་ཏན་ལ་གསུངས། “ལྟོས་ཤིག ཁོ་ལ་ཡོད་པ་ཐམས་ཅད་ཁྱོད་ཀྱི་ལག་ཏུ་ཡོད། འོན་ཀྱང་ཁྱོད་ཀྱི་ལག་པས་ཡོབ་ཁོ་རང་ལ་རེག་མི་ཆོག” དེ་ནས་ས་ཏན་ཡ་ཧོ་ཝཱའི་སྤྱན་སྔ་ནས་ཕྱིན་པ་རེད།



