ཡོབ་ལེའུ་སུམ་ཅུ་སོ་བཞི་པ།
Job 34
...
10 གོ་རྟོགས་ཀྱི་ནུས་པ་ཡོད་པའི་མི་རྣམས། ཁྱེད་ཚོས་ང་ལ་གསན་དང་།
དཀོན་མཆོག་ངོ་མས་སྤྱོད་ངན་ནམ་ཡང་གནང་མི་སྲིད།
ཀུན་ཐུབ་ཀྱི་དཀོན་མཆོག་གིས་ནོར་འཁྲུལ་གནང་མི་སྲིད།
11 ཁོང་གིས་མིའི་བྱ་སྤྱོད་ལ་གཞིགས་ནས་མི་ལ་བྱ་དགའ་གནང་ལ།
མིའི་ལམ་བུའི་མཇུག་འབྲས་མི་དེར་འབྱུང་དུ་འཇུག
12 དཀོན་མཆོག་གིས་སྤྱོད་ངན་རྩ་བ་ནས་མི་གནང་ལ།
ཀུན་ཐུབ་ཀྱི་དཀོན་མཆོག་གིས་དྲང་བདེན་འཁྱོག་བཤད་གནང་མི་སྲིད།



