ཡོབ་ལེའུ་སུམ་ཅུ་སོ་དགུ་པ།

Job 39


1 བྲག་རིའི་གནའ་བ་ཕྲུ་གུ་སྐྱེ་བའི་དུས་ལ་འབབ་པ་ཁྱོད་ཤེས་སམ།

ཤྭ་བ་མོ་ག་དུས་སྐྱེ་ཟུག་ནང་ཕྲུ་གུ་སྐྱེ་བ་ཁྱོད་མཐོང་ངམ།

...

19 ཁྱོད་ཀྱིས་རྟ་ལ་ཤེད་ཤུགས་སྐུལ་ཐུབ་བམ།

དེའི་མཇིང་པར་རྔོག་མ་ལྷབ་ལྷུབ་སྐོན་ཐུབ་བམ།

...

27 བྱ་གླག་ཡར་འཕུར་ནས་མཐོ་སར་ཚང་འཆའ་བ་དེ་

ཁྱོད་ཀྱིས་བཀའ་བཀོད་པ་ཡིན་ནམ།