གསུང་མགུར་ལེའུ་ཉི་ཤུ་རྩ་གསུམ་པ།
Psalm 23
1 ཡ་ཧོ་ཝཱ་ནི་ངའི་ལུག་རྫི་ཡིན།
ང་ལ་མ་འདང་བ་གང་ཡང་མེད།
2 ཁོང་གིས་ང་རྩྭ་ཁ་བཟང་སར་ཉལ་དུ་བཅུག
ཁོང་གིས་ང་ཆུ་མང་བའི་ས་ཆར་ཁྲིད་ནས་ངལ་གསོ་བར་བཅུག
3 ཁོང་གིས་ངའི་ནུས་སྟོབས་གསོ་ནས།
ཁོང་གི་མཚན་གྱི་ཆེད་དུ་དྲང་བདེན་གྱི་ལམ་ཐོག་ཏུ་ཁྲིད།
4 གྲིབ་ནག་འོག་གི་ལུང་གཤོང་དུ་འགྲོ་ནའང་།
ཁྱེད་རང་ང་དང་མཉམ་དུ་ཡོད་པས་ངས་གནོད་འཚེ་གང་ལའང་མི་ཞེད།
ཁྱེད་ཀྱི་དབྱུག་པ་དང་ཁྱེད་ཀྱི་བེར་ཀ་ནི་
ང་ལ་སེམས་ཤུགས་སྐུལ་མཁན་ཡིན།



