གསུང་མགུར་ལེའུ་སུམ་ཅུ་སོ་བདུན་པ།

Psalm 37


...

ב

3 ཡ་ཧོ་ཝཱ་ལ་བློ་འགེལ་ཞིང་ལས་བཟང་བྱོས་ཤིག

 ས་སྟེང་དུ་བསྡད་ནས་བྱ་བ་ཡིད་རྟོན་རུང་བ་བྱོས་ཤིག

...

ג

5 ཁྱོད་ཀྱི་མདུན་ལམ་ཡ་ཧོ་ཝཱར་སྤྲོད་ནས་ཁོང་ལ་བློ་འགེལ་ཞིག  

 དེ་ལྟར་བྱས་ན་ཁོང་གིས་ཁྱོད་ཀྱི་དོན་དུ་བྱ་སྤྱོད་སྤེལ་གནང་།

6 ཁོང་གིས་ཁྱོད་ཀྱི་དྲང་བདེན་སྐྱ་རེངས་ལྟར།

 ཁྱོད་ཀྱི་གཞུང་དྲང་ཉིན་དགུང་གི་ཉི་མ་ལྟར་འཚེར་བར་གནང་།

...

ה

8 ཁོང་ཁྲོ་དང་བྲལ་ནས་ཞེ་སྡང་སྤོངས་ཞིག

 འཚིག་པ་བཟས་ནས་བྱ་ངན་བྱེད་མི་ཆོག

9 མི་ངན་རྣམས་རྩ་མེད་དུ་འགྲོ་ཞིང་།

 ཡ་ཧོ་ཝཱར་རེ་ལྟོས་ཞུ་མཁན་ལ་ས་གཞི་བདག

ו

10 དུས་ཡུན་ཏོག་ཙམ་རྗེས་སུ་མི་ངན་སླར་ཡང་མེད།

 ཁྱོད་ཀྱིས་ཁོ་ཚོ་གནས་པའི་ས་ཆ་བལྟས་ཀྱང་ཁོ་ཚོ་ཡོད་མི་སྲིད།

11 འོན་ཀྱང་མི་སྙེམ་ཆུང་རྣམས་ལ་ས་གཞི་བདག་སྟེ།

 ཞི་བདེ་འབེལ་བས་ཁོ་ཚོ་དགའ་སྤྲོ་ཚད་མེད་སྐྱེ།

...

28 ཡ་ཧོ་ཝཱ་དྲང་གཞག་ལ་ཐུགས་མཉེས་པས།

 ཁོང་ལ་ལྷག་བསམ་བྱེད་མཁན་བསྐྱུར་མི་སྲིད།

ע

 ཁོ་ཚོར་དུས་གཏན་དུ་སྲུང་སྐྱོབ་འཐོབ་ཀྱང་།

 མི་ངན་གྱི་རྒྱུད་པ་ནི་མེད་པར་འགྱུར།

29 དྲང་བདེན་གྱི་མི་ལ་ས་གཞི་ཐོབ་ནས་

 དུས་ནམ་ཡང་ས་སྟེང་དུ་གནས།

פ

30 དྲང་བདེན་གྱི་མིའི་ཁ་ཡིས་ཤེས་རབ་བགོ་བཤའ་བྱེད།

 དེའི་ལྕེ་ཡིས་དྲང་གཞག་གི་གཏམ་བཤད།

31 ཁོའི་དཀོན་མཆོག་གི་བཀའ་ཁྲིམས་ནི་དེའི་སེམས་ནང་དུ་ཡོད་པས།

 ཁོའི་གོམ་སྟབས་ལ་ཞུམ་པ་མེད།

...

ק

34 ཡ་ཧོ་ཝཱར་རེ་ལྟོས་ཞུ་ཞིང་ཁོང་གི་ལམ་བརྩི་སྲུང་བྱོས་ཤིག

 ཁོང་གིས་ཁྱོད་གནས་སྤར་གནང་ནས་ཁྱོད་ལ་ས་གཞི་བདག་པར་གནང་།

 མི་ངན་རྩ་མེད་གཏོང་སྐབས་ཁྱོད་ཀྱིས་དེ་མཐོང་ངེས་ཡིན།

...

ת

39 དྲང་བདེན་གྱི་མི་ཡི་སྲུང་སྐྱོབ་ནི་ཡ་ཧོ་ཝཱ་ནས་ཡོང་།

 དཀའ་ཚེགས་མྱོང་དུས་ཁོང་ནི་ཁོ་ཚོའི་བཙན་རྫོང་ཡིན།

40 ཡ་ཧོ་ཝཱས་ཁོ་ཚོར་རོགས་རམ་གནང་ལ་ཁོ་ཚོ་བསྐྱབས།

 ཁོ་ཚོས་ཁོང་ལ་འགེགས་སྲུང་བཙལ་བས།

 ཁོང་གིས་མི་ངན་ལས་ཁོ་ཚོ་བསྒྲལ་ནས་སྲུང་སྐྱོབ་གནང་།