གསུང་མགུར་ལེའུ་བདུན་ཅུ་དོན་གཉིས་པ།
Psalm 72
...
12 ཁོང་གིས་རོགས་རམ་སྐྱབས་འཇུག་ཞུ་མཁན་བསྐྱབས་ལ།
གོ་ས་དམའ་བའི་མི་དང་རོགས་པ་མེད་པའི་མི་ཡང་ཁོང་གིས་བསྐྱབས།
13 གོ་ས་དམའ་བའི་མི་དང་དབུལ་པོར་ཁོང་སྙིང་རྗེ་སྐྱེ་ལ།
ཁོང་གིས་དབུལ་པོ་རྣམས་ཀྱི་ཚེ་སྲོག་བསྐྱབས།
14 ཁོང་གིས་མནར་གཅོད་དང་དྲག་ཤུགས་ལས་ཁོ་ཚོ་བསྐྱབས།
ཁོང་གི་སྦྱན་དུ་ཁོ་ཚོའི་ཁྲག་རྩ་ཆེ་བ་ཡིན།
...
16 ས་གཞིར་འབྲུ་རིགས་ཐོན་ལེགས་ཡོང་ཞིང་།
རི་བོའི་རྩེ་མོ་རྣམས་ཀྱང་ལོ་ཏོག་གིས་ཁེང་།
ཁོང་གི་ལོ་ཏོག་ལེ་པཱ་ནོན་ཡུལ་གྱི་ཤིང་ནགས་ལྟར་ཕུན་སུམ་ཚོགས་པ་དང་།
གྲོང་ཁྱེར་ནང་དུ་མི་མང་སའི་རྩི་ཤིང་ལྟར་ལོ་འདབ་རྒྱས།



