གསུང་མགུར་ལེའུ་དགུ་བཅུ་པ།

Psalm 90


...

2 རི་བོ་རྣམས་མ་སྐྱེས་པའི་སྔོན་ལ།

ཁྱེད་ཀྱིས་སའི་གོ་ལ་དང་ཐོན་འབབ་ལེགས་པའི་ས་གཞི་མ་སྐྲུན་པའི་སྔོན་ལ།  

དུས་ནམ་ཡང་གི་སྔོན་ཆད་ནས་དུས་ནམ་ཡང་གི་མ་འོངས་པ་བར་དུ་ཁྱེད་དཀོན་མཆོག་ཡིན།

...

10 ང་ཚོའི་མི་ཚེའི་རིང་ལོ་70་ཡིན།

གལ་སྲིད་མི་ཞིག་གསོན་ཤུགས་ཁྱད་པར་དུ་ཆེ་བས་ལོ་80་གསོན་ནའང་།

མི་ཚེ་དེ་དཀའ་ཚེགས་དང་སེམས་སྡུག་གིས་ཁེང་།

དེ་མགྱོགས་མྱུར་འདས་ནས་ང་ཚོ་འཕུར་འགྲོ་གི་རེད།

...

12 ང་ཚོའི་ཉི་མའི་གྲངས་གང་འདྲ་བརྩི་བ་སློབས་རོགས་གནང་།

ང་ཚོར་ཤེས་རབ་ཀྱི་སེམས་འཐོབ་པའི་ཆེད་དུ།