སྟོན་པ་ལེའུ་བཞི་པ།
Ecclesiastes 4
...
9 མི་གཉིས་པོ་ནི་མི་གཅིག་པོ་ལས་ལེགས། གང་ཡིན་ཟེར་ན་མི་དེ་གཉིས་ཀྱིས་དཀའ་ལས་བརྒྱབ་ནས་སྒྲུབ་འབྲས་བཟང་པོ་འཐོབ་ཐུབ། 10 གལ་སྲིད་མི་གཅིག་འགྱེལ་ན་ཡང་གཞན་པ་དེས་ཁོ་ཡར་ལང་རོགས་བྱེད་ཐུབ། འོན་ཀྱང་མི་འགྱེལ་དུས་ཁོ་ལ་རོགས་པ་བྱེད་མཁན་མེད་ན་གང་འདྲ་ཡོང་།
11 མི་གཉིས་མཉམ་དུ་ཉལ་ན་དྲོ་པོ་ཡོང་། འོན་ཀྱང་མི་གཅིག་པོས་གང་འདྲ་བྱས་ནས་དྲོ་པོ་བཟོ་ཐུབ་བམ། 12 མི་གཅིག་པོ་ཡིན་ན་མི་གཞན་གྱིས་ཕམ་ཉེས་གཏོང་སྲིད། འོན་ཀྱང་མི་གཉིས་ཡོད་ན་མཉམ་དུ་ཁ་གཏད་འཇལ་ཐུབ། རྐང་གསུམ་གཅིག་ཏུ་སྒྲིལ་བའི་ཐག་པ་ནི་གཅོད་ཁག་པོ་ཡིན།
...



