སྟོན་པ་ལེའུ་དགུ་པ།

Ecclesiastes 9


...

5 མི་གསོན་པོས་རང་ཉིད་ཤི་རྒྱུ་བ་ཤེས། འོན་ཀྱང་ཤི་ཚར་བ་རྣམས་ཀྱིས་གང་ཡང་མི་ཤེས།  ཁོ་ཚོར་བྱ་དགའ་གང་ཡང་མེད། གང་ཡིན་ཟེར་ན་ཁོ་ཚོའི་སྐོར་གྱི་དྲན་གསོ་ཚང་མ་བརྗེད་ཚར་བ་རེད། 6 ད་དུང་ཁོ་ཚོའི་བརྩེ་བ་དང་སྡང་སེམས་དང་ཕྲག་དོག་སོགས་མེད་པར་འགྱུར་ཟིན་པས།  མི་རྣམས་ཀྱིས་ཉི་འོག་ཏུ་བྱེད་པའི་དོན་ཐོག་ཁོ་ཚོར་སླར་ཡང་སྐལ་བ་གང་ཡང་མེད།

...

10 ཁྱོད་ཀྱི་ལག་པས་བྱེད་ཐུབ་པ་གང་ཡང་ནུས་ཤུགས་ཡོད་དགུ་བཏོན་ནས་བྱོས་ཤིག  གང་ཡིན་ཟེར་ན་ཁྱོད་འགྲོ་རྒྱུའི་དུར་ས་ལ་ལས་ཀ་ཡང་མེད་ལ་འཆར་གཞི་ཡང་མེད། ཤེས་ཡོན་དང་ཤེས་རབ་ཡང་མེད།

11 ངས་ཉི་འོག་ཏུ་ད་དུང་མཐོང་བྱུང་། མགྱོགས་པོ་རྒྱུག་མཁན་འགྲན་བསྡུར་ལ་རྒྱལ་ཁ་འཐོབ་པའི་ངེས་པ་མེད། ནུས་མཐུ་ཅན་དམག་འཁྲུག་ལ་རྒྱལ་ཁ་འཐོབ་པའི་ངེས་པ་མེད། ཤེས་རབ་ཅན་ལ་བཟའ་ཆས་འཐོབ་པའི་ངེས་པ་མེད།  མི་སྤྱང་པོ་ལ་རྒྱུ་ནོར་འཐོབ་པའི་ངེས་པ་མེད།  ཤེས་ཡོན་ཅན་ལ་ལེགས་འགྲུབ་འཐོབ་པའི་ངེས་པ་མེད།   དུས་ཚོད་ངན་པ་དང་མིའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ནི་སུ་ལ་ཡང་བྱུང་སྲིད།

...