ཡེ་ཤ་ཡཱ་ལེའུ་དགུ་པ།

Isaiah 9


...

6 ང་ཚོའི་དོན་དུ་ཕྲུ་གུ་ཞིག་འཁྲུངས་པ་དང་།

ང་ཚོར་སྲས་ཤིག་གནང་བྱུང་།

ཁོང་གི་ཕྲག་ཐོག་ཏུ་སྲིད་དབང་གཞག་རྒྱུ་དང་།

ཁོང་གི་མཚན་ལ་ཁྱད་དུ་འཕགས་པའི་སློབ་སྟོན་པ། ནུས་མཐུ་ལྡན་པའི་ལྷ།  ཡུན་གཏན་གྱི་ཡབ། ཞི་བདེའི་གཙོ་འཛིན་ཞེས་གསོལ།

7 ཁོང་གི་དབང་སྲིད་ཀྱི་དར་རྒྱས་དང་ཞི་བདེ་ལ་མཐའ་མ་མེད།

གཞུང་དྲང་དང་དྲང་བདེན་གྱི་སྒོ་ནས་

ད་ལྟ་ནས་དུས་གཏན་དུ་རྒྱལ་སྲིད་བརྟན་པོར་འཛུགས་ཤིང་རྒྱུན་སྐྱོང་བའི་ཆེད་དུ།

ཁོང་དཱ་བིད་ཀྱི་རྒྱལ་ཁྲིར་བཞུགས་ནས་ཁོའི་རྒྱལ་སྲིད་དབང་དུ་སྒྱུར།

དཔུང་ཆེན་འཁྲིད་མཁན་ཡ་ཧོ་ཝཱའི་ཐུགས་བརྩོན་གྱིས་དོན་འདི་སྒྲུབ།