ཡེ་ཤ་ཡཱ་ལེའུ་བཅུ་གཅིག་པ།
Isaiah 11
...
6 སྦྱང་ཀི་དུས་ཏོག་ཙམ་ལུག་གུ་དང་མཉམ་དུ་བསྡད་རྒྱུ་དང་།
རེའུ་དང་གཟིག་ཀྱང་མཉམ་དུ་ཉལ།
བེའུ་དང་སེང་གེ་དང་སེམས་ཅན་རྒྱགས་པ་དེ་ཚོ་ཡང་ཚང་མ་མཉམ་དུ་བསྡད་ལ།
བུ་ཆུང་ཞིག་གིས་དེ་ཚོ་ཁྲིད།
7 བ་ཕྱུགས་དང་དོམ་མཉམ་དུ་བཟའ།
དེ་ཚོའི་ཕྲུ་གུ་ཡང་མཉམ་དུ་ཉལ།
སེང་གེས་ཕ་གླང་ལྟར་འབྲས་སོག་བཟའ།
8 འོ་མ་ནུ་བའི་ཕྲུ་གུ་དུག་ངན་སྦྲུལ་གྱི་ཚང་སྒང་ལ་རྩད་མོ་བརྩེ།
འོ་ཐག་བཅད་པའི་ཕྲུ་གུས་དུག་སྦྲུལ་གྱི་ཚང་ལ་ལག་པ་གཞག
9 ངའི་རི་མཆོག་སྟེང་དུ་དེ་ཚོས་གནོད་པ་གང་ཡང་མི་སྐྱེལ་ལ་ཉམ་ཉེས་གང་ཡང་མི་གཏང་།
ཁང་ཡིན་ཟེར་ན་ཆུ་རྒྱ་མཚོར་ཁྱབ་པ་ལྟར་ས་གཞི་ངེས་པར་དུ་ཡ་ཧོ་ཝཱའི་ཤེས་ཡོན་གྱིས་ཁེང་།



