ཡེ་ཤ་ཡཱ་ལེའུ་སུམ་ཅུ་སོ་ལྔ་པ།
Isaiah 35
1 འབྲོག་སྟོང་དང་ཐན་པ་བྱུང་བའི་ས་ཞིང་དགའ་སྤྲོ་སྐྱེ། ཕྱེ་མའི་ཐང་ཡང་ཁ་ཆེ་ཤ་སྐམ་གྱི་མེ་ཏོག་བཞད་པ་ལྟར་སྤྲོ་སྣང་སྐྱེ།
...
5 སྐབས་དེར་ལོང་བའི་མིག་འབྱེ་རྒྱུ་དང་།
འོན་པའི་རྣ་བ་ཡང་འགོག་མེད་པར་འགྱུར།
6 སྐབས་དེར་རྐང་ཀྱོག་པ་ཤྭ་བ་ལྟར་མཆོང་བཞིན་འགྲོ།
ལྐུགས་པའི་ལྕེ་ཡང་དགའ་སྤྲོའི་སྐད་གཏོང་།
གང་ཡིན་ཟེར་ན་འབྲོག་སྟོང་ལ་ཆུ་བོ་དང་།
བྱེ་མའི་ཐང་ལ་རྒྱུག་ཆུ་འཐོན།



