ཡེ་ཤ་ཡཱ་ལེའུ་ལྔ་བཅུ་ང་ལྔ་པ།
Isaiah 55
...
3 (སྟོད་) “ཁྱོད་ཚོས་རྣ་བ་གཏད་བཞིན་ངའི་རྩར་ཤོག
ཉོན་ཤིག དེ་འདྲ་བྱས་ན་ཁྱོད་ཚོ་གསོན་པོར་གནས་ཐུབ།”
...
7 བསམ་ངན་ཅན་གྱིས་རང་གི་སྤྱོད་ལམ་དང་།
མི་ངན་གྱིས་རང་གི་བསམ་ཚུལ་སྤོངས་ཤིག
ཡ་ཧོ་ཝཱའི་མདུན་དུ་ལོག་ཤོག ཁོང་གིས་སྙིང་རྗེ་མཚོན་ངེས་ཡིན།
ང་ཚོའི་དཀོན་མཆོག་གི་མདུན་དུ་ལོག་ཤོག ཁོང་གིས་དགོངས་ཡངས་དཀྱེལ་ཆེ་གནང་།
...
9 ནམ་མཁའ་ས་ལས་མཐོ་བ་ལྟར།
ངའི་ལམ་ཁ་ཁྱོད་ཚོའི་ལམ་ཁ་ལས་མཐོ་བ་དང་།
ངའི་བསམ་བློ་ཡང་ཁྱོད་ཚོའི་བསམ་བློ་ལས་མཐོ།
10 ཆར་པ་དང་གངས་ནི་གནམ་ནས་བབ་སྟེ་ས་ལ་སིམ་ནས།
མྱུ་གུ་འབུས་ནས་ལོ་ཏོག་འཐོན་དུ་བཅུག་པ་དང་།
ས་བོན་འདེབས་མཁན་ལ་ས་བོན།
ཟ་མཁན་ལ་ཟས་རིགས་མ་སྤྲོད་གོང་ཡར་མི་ལོག
11 ངའི་ཞལ་ནས་ཐོན་པའི་བཀའ་མོལ་ཡང་འདི་ལྟར་ཡིན།
དེས་གྲུབ་འབྲས་མ་ཐོན་གོང་ཚུར་མི་ལོག
དེས་གང་ཡང་ང་དགའ་སྤྲོ་སྐྱེད་པའི་དོན་ངེས་པར་དུ་སྒྲུབ།
ངས་བཏང་བའི་བཀའ་ཡིས་ངེས་པར་དུ་དེའི་དམིགས་ཡུལ་སྒྲུབ།



