ཡེ་ཤ་ཡཱ་ལེའུ་དྲུག་ཅུ་རེ་ལྔ་པ།

Isaiah 65


...

17 ལྟོས་ཤིག ངས་ནམ་མཁའ་གསར་པ་དང་ས་གཞི་གསར་པ་གསར་སྐྲུན་གྱི་ཡོད།

དེ་སྔོན་གྱི་གནས་ཚུལ་ཡིད་ལ་འཁོར་མི་སྲིད་།

སེམས་ལའང་འཆར་མི་སྲིད།

...

21 ཁོ་ཚོས་ཁང་པ་བརྩིགས་ནས་དེའི་ནང་དུ་བསྡད།

 རྒུན་འབྲུམ་གྱི་ལྡུམ་ར་བཏབ་ནས་དེའི་འབྲས་བུ་བཟའ།

22 ཁོ་ཚོས་བརྩིགས་པ་དེ་མི་གཞན་ལ་བདག་མི་སྲིད།

 ཁོ་ཚོས་བཏབ་པ་དེ་མི་གཞན་གྱིས་བཟའ་མི་སྲིད།

 ངའི་མི་སེར་གྱི་མི་ཚེ་ཤིང་གི་ཚེ་དང་འདྲ་བར་རིང་ཞིང་།

 ངས་བདམས་པའི་མི་རྣམས་ཀྱིས་རང་གི་ལག་པས་བསྒྲུབ་པའི་འབྲས་བུ་ལོངས་སུ་སྤྱོད།

23 ཁོ་ཚོས་དོན་མེད་པའི་དཀའ་ལས་མི་རྒྱག

 ཁོ་ཚོར་སྐྱེས་པའི་ཕྲུ་གུ་ཡང་སྡུག་བསྔལ་མི་མྱོང་།

 གང་ཡིན་ཟེར་ན་ཁོ་ཚོ་ཡ་ཧོ་ཝཱས་བདེ་ལེགས་སྤེལ་བའི་མི་རྣམས་ཀྱི་རྒྱུད་པ་ཡིན་ཏེ།

 ཁོ་ཚོའི་མི་རབས་རྗེས་མའང་དེ་ལྟར་ཡིན།