དཱ་ནི་ཨེལ་ལེའུ་བདུན་པ།

Daniel 7


1

...

13 ངས་མཚན་མོའི་འཕྲུལ་སྣང་ནང་དུ་མུ་མཐུད་བལྟས་སྐབས། ལྟོས་ཤིག ནམ་མཁའི་སྤྲིན་པ་དང་མཉམ་དུ་མིའི་བུ་དང་འདྲ་བ་ཞིག་ཡོང་གི་ཡོད།  ཁོང་ཡུན་ནས་ཡུན་དུ་གནས་མཁན་གྱི་མདུན་དུ་བཅར་ནས་ཁོང་ཚོས་ཁོང་ཡུན་ནས་ཡུན་དུ་གནས་མཁན་གྱི་སྐུ་མདུན་དུ་ཁྲིད། 14 ཁོང་ལ་དབང་སྲིད་དང་གཟི་བརྗིད་དང་རྒྱལ་སྲིད་གནང་།  མི་རིགས་དང་རྒྱལ་ཁབ་དང་སྐད་རིགས་ཐམས་ཅད་ཀྱི་མི་ཁོང་ལ་བཀུར་བའི་ཆེད་དུ་ཡིན། ཁོང་གི་སྲིད་དབང་ནི་རྒྱུན་ཆད་མེད་པའི་ནམ་ཡང་གི་སྲིད་དབང་ཡིན་ཏེ་ཁོང་གི་རྒྱལ་སྲིད་འཇིག་མི་སྲིད།

...

18 འོན་ཀྱང་བླ་ན་མེད་པའི་དཀོན་མཆོག་གི་མི་དམ་པ་རྣམས་ལ་རྒྱལ་སྲིད་འཐོབ་རྒྱུ་ཡིན།  རྒྱལ་སྲིད་དེ་ཁོང་ཚོར་དུས་ནམ་ཡང་བདག་སྟེ་དུས་གཏན་དུ་ནམ་ཡང་འགྱུར་བ་མེད།

...

27 རྒྱལ་སྲིད་དང་དབང་སྲིད་དང་གནམ་འོག་གི་རྒྱལ་སྲིད་རྣམས་ཀྱི་བརྗིད་ཉམས་ནི་བླ་ན་མེད་པའི་དཀོན་མཆོག་གི་མི་དམ་པ་རྣམས་ལ་སྤྲད་སོང་། ཁོང་ཚོའི་རྒྱལ་སྲིད་ནི་དུས་གཏན་དུ་གནས་པའི་རྒྱལ་སྲིད་ཡིན་ཏེ་སྲིད་དབང་འཛིན་མཁན་ཐམས་ཅད་ཁོང་ཚོར་བཀུར་ཞིང་བཀའ་ལ་མཉན།