མི་ཀཱ་ལེའུ་བཞི་པ།

Micah 4


1 ཉིན་མོ་དེ་རྣམས་ཀྱི་དུས་སྐབས་མཇུག་མར།

ཡ་ཧོ་ཝཱའི་ཕོ་བྲང་གི་རི་བོ་ནི།

རི་རྩེ་རྣམས་ལས་མཐོ་བར་བརྟན་པོར་གཟུགས།

རི་རྣམས་ལས་ཡར་གདེག་པར་འགྱུར།

མི་རིགས་རྣམས་དེར་རྒྱུག་བཞིན་འདུ།

2 རྒྱལ་དམངས་མང་པོ་འགྲོ་ཞིང་བཤད།

ཤོག  ང་ཚོ་ཡ་ཧོ་ཝཱའི་རི་བོར་འཛེག་དང་།

ཡ་ཀོབ་ཀྱི་དཀོན་མཆོག་གི་ཕོ་བྲང་ལ་འགྲོ།

ཁོང་གིས་ང་ཚོ་ཁོང་གི་ལམ་དུ་འཁྲིད་གནང་།

ང་ཚོ་ཁོང་གི་ལམ་ཐོག་ཏུ་འགྲོ།

གང་ཡིན་ཟེར་ན་བཀའ་ཁྲིམས་ནི་ཙི་ཡོན་ནས།

ཡ་ཧོ་ཝྰའི་བཀའ་མོལ་ནི་ཡེ་རུ་ཤ་ལེམ་ནས་སྤེལ།

3 དཀོན་མཆོག་གིས་མི་རིགས་མང་པོའི་ནང་དུ་དཔྱད་མཚམས་གནང་།

ཐག་རིང་བའི་རྒྱལ་ཁབ་སྟོབས་ལྡན་གྱི་དོན་དུ་ཡོ་བསྲང་གནང་།

ཁོ་ཚོས་རལ་གྲི་བརྡུངས་ནས་གཤོལ་ལྕགས་བཟོ་།

མདུང་བརྡུངས་ནས་ཟོར་བ་བཟོ།

རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་རལ་གྲི་མི་འཕྱར།

ཁོ་ཚོ་སླར་ཡང་དམག་འཁྲུག་སྦྱང་མི་སྲིད།

4 ཁོ་ཚོ་སོ་སོའི་རྒུན་འབྲུམ་ཤིང་དང་མེ་ཏོག་གསང་འབྲས་ཀྱི་ཤིང་འོག་ཏུ་བསྡད་དེ།

ཁོ་ཚོར་ཞེད་སྣང་སྐུལ་མཁན་སུ་ཡང་མེད།

འདི་ནི་དཔུང་ཆེན་འཁྲིད་མཁན་ཡ་ཧོ་ཝཱས་གསུངས།