ཟེ་ཕན་ཡཱ་ལེའུ་གཉིས་པ།

Zephaniah 2


...

2 དཔྱད་མཚམས་ལག་བསྟར་མ་བྱས་པའི་གོང་།

ཉིན་མོ་དེ་ཕུབ་མ་ལྟར་མ་འདས་པའི་གོང་།

ཡ་ཧོ་ཝཱའི་ཐུགས་ཁྲོའི་མེ་ལྕེ་ཁྱོད་ཚོར་མ་ཕོག་པའི་གོང་།

ཡ་ཧོ་ཝཱའི་ཐུགས་ཁྲོ་བའི་ཉིན་མོ་ཁྱོད་ཚོར་མ་བབ་པའི་གོང་ལ།

3 ཀྱེ་དཀོན་མཆོག་གི་བཀའ་བརྩི་སྲུང་བྱེད་པའི་ས་སྟེང་གི་

ཁེངས་སྐྱུང་གཤིས་འཇམ་གྱི་མི་ཐམས་ཅད།

ཁྱོད་ཚོས་ཡ་ཧོ་ཝཱ་ཚོལ་ཞིག  དྲང་བདེན་ཚོལ་ཞིག ཁེངས་སྐྱུང་གཤིས་འཇམ་ཚོལ་ཞིག  

ཕལ་ཆེར་ཡ་ཧོ་ཝཱའི་ཐུགས་ཁྲོ་བའི་ཉིན་མོར་ཁོང་གིས་ཁྱོད་ཚོ་གསང་ཡིབ་གནང་།