མར་ཀུ་ལེའུ་དང་པོ།
Mark 1
...
40 དེར་མཛེ་ནད་ཅན་ཞིག་ཀྱང་ཁོང་གི་མདུན་དུ་ཡོང་། ཁོས་པུས་མོ་ཡང་ས་ལ་བཙུགས་ཤིང་ཞུ་བ་ཕུལ་ནས། “ གལ་སྲིད་ཁྱེད་རང་ལ་ཐུགས་འདུན་ཡོད་པ་ཡིན་ན་ཁྱེད་ཀྱིས་ང་རང་གཙང་མར་བྱེད་ཐུབ” ཅེས་བཤད། 41 ཡེ་ཤུ་སྙིང་རྗེ་སྐྱེས་ཏེ་ཁོང་གི་ཕྱག་བརྐྱངས་ནས་ཁོར་རེག་བཞིན་ “ ང་དེ་བཞིན་དུ་བྱེད་འདོད་ཡོད། གཙང་བར་གྱུར་ཞིག” ཅེས་གསུངས། 42 དེ་མ་ཐག་ཁོའི་མཛེ་ནད་མེད་པར་གྱུར་ཏེ་ཁོ་གཙང་བར་གྱུར།



