ལུ་ཀཱ་ལེའུ་དང་པོ།

Luke 1


...

30 ཕོ་ཉས་ཁོ་མོར“མིར་ཡམ། མ་འཇིགས་ཤིག  ཁྱོད་ལ་དཀོན་མཆོག་གི་བཀའ་དྲིན་ཐོབ་སོང་། 31 ལྟོས་དང་།  ཁྱེད་མངལ་ཆགས་ནས་བུ་གཅིག་སྐྱེ། ཁྱོད་དེའི་མིང་ལ་ཡེ་ཤུ་ཞེས་གདགས་དགོས། 32 མི་དེ་རླབས་ཆེན་དུ་འགྱུར་རྒྱུ་དང་ཁྱད་དུ་འཕགས་པའི་དཀོན་མཆོག་གི་སྲས་ཞེས་ཟེར་བར་འགྱུར། དཀོན་མཆོག་ཡ་ཧོ་ཝཱས་ཁོང་ལ་མེས་པོ་དཱ་བིད་ཀྱི་རྒྱལ་ཁྲི་གནང་། 33 ཁོང་གིས་དུས་ནམ་ཡང་ཡ་ཀོབ་ཀྱི་རྒྱུད་པར་དབང་སྒྱུར་བྱེད་ལ་ཁོང་གི་རྒྱལ་སྲིད་ལ་མཐའ་མ་མེད་”

34 འོན་ཀྱང་མིར་ཡམ་གྱིས་ཕོ་ཉ་ལ།  “འདི་གང་འདྲ་བྱུང་སྲིད། ང་སྐྱེས་པ་དང་མཉམ་དུ་གཟིམ་ཆུང་ནང་སྡོད་མྱོང་མེད་” 35 ཕ་ཉས་ལེན་དུ་ “ དཀོན་མཆོག་གི་ནུས་ཤུགས་ཁྱེད་ཀྱི་སྟེང་དུ་འབབ་ནས་ཁྱད་དུ་འཕགས་པའི་དཀོན་མཆོག་གི་ནུས་ཤུགས་ཁྱེད་ལ་ཁེབས། དེའི་རྐྱེན་གྱིས་ཁྱོད་སྐྱེ་བ་དེར་དམ་པ་དང་དཀོན་མཆོག་གི་སྲས་ཞེས་གསོལ། ”