ལུ་ཀཱ་ལེའུ་བདུན་པ།
Luke 7
...
13 གཙོ་བོས་ཁོ་མོ་ཅིག་གཟིགས་མ་ཐག་ཐུགས་རྗེ་སྐྱེས་ནས་ཁོ་མོར་ “མ་ངུས་ཤིག” ཅེས་གསུངས། 14 ཁོང་ཚུར་ཕེབས་ནས་ཕུང་པོ་ཡོད་པའི་འགྱོགས་ཤིང་ལ་ཕྱག་གིས་རེག་པས་ཁུར་མཁན་རྣམས་དེར་བསྡད། དེ་ནས་ཡེ་ཤུས་ “གཞོན་ནུ། ངས་ཁྱེད་ལ་ཟེར། ཡར་ལོངས་ཤིག” ཅེས་གསུངས་པ་དང་། 15 གཤིན་པོ་དེ་ཡར་ལངས་ནས་སྐད་ཆ་བཤད། ཡེ་ཤུས་མི་དེ་ཁོའི་ཨ་མ་ལ་གནང་།



