ལུ་ཀཱ་ལེའུ་ཉི་ཤུ་རྩ་གཅིག་པ།
Luke 21
1 ཡེ་ཤུས་མགོ་བཏེག་ནས་མི་ཕྱུག་པོ་རྣམས་ཀྱིས་ནོར་བུའི་བང་མཛོད་ཀྱི་དངུལ་སྒམ་ནང་དུ་ཁོ་ཚོའི་འབུལ་བ་བླུགས་པ་གཟིགས། 2 སྐབས་དེར་ཡུགས་མོ་དབུལ་པོ་ཞིག་གིས་རིན་ཐང་ཧ་ཅང་ཆུང་བའི་སྒོར་མོ་གཉིས་བླུགས་པ་གཟིགས་ནས་ 3 ཁོ་ཚོར། “ངས་ཁྱེད་ཚོར་བདེན་པ་ཟེར། ཡུགས་མོ་དབུལ་པོ་འདིས་བླུགས་པ་ནི་ཁོ་ཚོ་ཚང་མས་བླུགས་པ་ལས་མང་བ་ཡོད། 4 གང་ཡིན་ཟེར་ན་ཁོ་ཚོ་ཚང་མས་རང་གི་ལྷག་མའི་ནང་ནས་འབུལ་བ་ཕུལ་ཀྱང་། ཁོ་མོ་ནི་དབུལ་ཕོངས་ཡིན་ཀྱང་རང་གི་འཚོ་བའི་མ་རྩ་ཚང་མ་ཕུལ་བ་རེད་”
...
10 ཡེ་ཤུས་གསུངས་པར། “མི་རིགས་དང་མི་རིགས། རྒྱལ་སྲིད་དང་རྒྱལ་སྲིད་ཕན་ཚུན་ཁ་གཏད་དུ་ལང་སྟེ། 11 ས་ཡོམ་ཆེན་པོ་ཡོད་ལ། ས་ཆ་གཅིག་ནས་གཅིག་ཏུ་མུ་གེ་དང་ནད་ཡམས་འབྱུང་། ད་དུང་འཇིགས་སྣང་སྐུལ་བའི་གནས་ཚུལ་དང་ནམ་མཁའ་ནས་འབྱུང་བའི་སྔ་ལྟས་ཀྱང་ཡོད།
...



