ཡོ་ཧ་ནན་ལེའུ་བཅུ་བཞི་པ།
John 14
1 ཁྱེད་ཚོ་སེམས་ཁྲལ་མ་བྱེད། དཀོན་མཆོག་ལ་དད་པ་བྱོས་ལ་ང་ལ་ཡང་དད་པ་བྱོས་ཤིག 2 ངའི་ཡབ་ཀྱི་ཁང་པའི་ནང་ལ་གནས་ཁང་མང་པོ་ཡོད། དེ་ལྟར་མིན་ན་ངས་ཁྱེད་ཚོར་སྔ་མ་ནས་བཤད་ཡོད། གང་ཡིན་ཟེར་ན་ཁྱེད་ཚོར་སྡོད་ས་གྲ་སྒྲིག་བྱེད་པའི་ཆེད་དུ་ང་འགྲོ་གི་ཡོད། 3 ང་སོང་ནས་ཁྱེད་ཚོའི་དོན་དུ་སྡོད་ས་གྲ་སྒྲིག་བྱས་ན། ང་ཡང་བསྐྱར་ཡོང་ནས་ཁྱེད་ཚོ་ངའི་ཁང་པར་བསུ་རྒྱུ་ཡིན། དེ་ལྟར་བྱས་ནས་ང་གང་དུ་ཡོད་པ་དེར་ཁྱོད་ཚོ་ཡང་ཡོད།
...
30 ད་ངས་ཁྱེད་ཚོར་གཏམ་མང་པོ་མི་བཤད། གང་ཡིན་ཟེར་ན་འཛམ་གླིང་འདིའི་དབང་སྒྱུར་པ་ཡོང་གི་ཡོད། ཡིན་ནའང་ངའི་ཐོག་ཏུ་ཁོ་ལ་དབང་གང་ཡང་མེད།



