ཡོ་ཧ་ནན་ལེའུ་བཅོ་བརྒྱད་པ།
John 18
...
36 ཡེ་ཤུས་ལན་དུ་ “ངའི་རྒྱལ་སྲིད་འཛམ་གླིང་འདིའི་ཁོངས་སུ་མི་གཏོགས། གལ་སྲིད་ངའི་རྒྱལ་སྲིད་འཛམ་གླིང་འདིའི་ཁོངས་སུ་གཏོགས་པ་ཡིན་ན་ངའི་འཁོར་གཡོག་རྣམས་ཀྱིས་ང་ཡ་ཧུ་དཱ་པའི་ལག་ཏུ་མི་ཐེབས་པར་འཐབ་འཛིང་བྱས་པ་ཡིན། འོན་ཀྱང་དོན་དངོས་ཐོག་ངའི་རྒྱལ་སྲིད་ནི་འཛམ་གླིང་འདི་ནས་མིན” ཞེས་གསུངས།
37 པི་ལ་ཏུ་ཡིས་ཁོང་ལ་ “འོ་ན་ཁྱོད་རྒྱལ་པོ་ཞིག་ཡིན་ནམ” ཞེས་བཤད། ཡེ་ཤུས་ལན་དུ་“ཁྱེད་རང་རང་ཉིད་ཀྱིས་གསུངས་པ་ལྟར་ང་རྒྱལ་པོ་ཞིག་ཡིན། བདེན་དོན་ལ་དཔང་པོ་བྱེད་པའི་ཆེད་དུ་ང་སྐྱེས་ནས་འཛམ་གླིང་དུ་ཡོང་བ་ཡིན། བདེན་དོན་གྱི་ཕྱོགས་སུ་གནས་མཁན་ཚང་མས་ངའི་སྒྲ་ལ་ཉན་གྱི་རེད”



