མཛད་པ་ལེའུ་བཅུ་བདུན་པ།

Acts 17


...

11 ས་ཆ་འདིའི་མི་རྣམས་ནི་ཐེ་སཱ་ལོ་ནི་ཀེ་གྲོང་ཁྱེར་གྱི་མི་ལས་བློ་རྒྱ་ཆེ་བ་ཡོད་པ་དང་། བརྩོན་སེམས་ཆེན་པོས་དཀོན་མཆོག་གི་བཀའ་མོལ་དང་ལེན་བྱས་ནས། རང་གི་ཐོས་པ་དེ་བདེན་པ་ཡིན་མིན་ཤེས་པའི་ཆེད་དུ་ཉིན་ལྟར་དཀོན་མཆོག་གསུང་རབ་ལ་ཞིབ་འཇུག་བྱས་པ་རེད།

...

24 འཛམ་གླིང་དང་དེའི་ནང་གི་ཐམས་ཅད་བཟོས་མཁན་དཀོན་མཆོག་ངོ་མ་ནི་གནམ་སའི་བདག་པོ་ཡིན་པས། མིས་བཟོས་པའི་ལྷ་ཁང་ནང་དུ་བཞུགས་མི་སྲིད་ལ། 25 ཁོང་ལ་མི་འདང་བ་གང་ཡང་མེད་པས་མིས་ཞབས་ཕྱི་ཡང་ཞུ་མི་དགོས། གང་ཡིན་ཟེར་ན་ཁོང་རང་ཉིད་ཀྱིས་མི་ཚང་མ་ལ་ཚེ་སྲོག་དང་དབུགས་དང་དངོས་པོ་ཐམས་ཅད་གནང་།

26 ཁོང་གིས་མི་གཅིག་ལས་མི་རིགས་ཐམས་ཅད་བསྐྲུན་ནས་ས་གཞི་ཡོངས་སུ་གནས་སུ་བཅུག་པ་དང་།  ཁོ་ཚོའི་དུས་སྐབས་དང་མི་རྣམས་གནས་པའི་ས་མཚམས་གཏན་འབེབས་གནང་། 27 དེ་ནི་ཁོ་ཚོས་དཀོན་མཆོག་འཚོལ་བའི་ཆེད་དུ་ཡིན། གལ་སྲིད་ཁོ་ཚོས་དཀོན་མཆོག་བཙལ་འཚོལ་བྱས་ནས་དངོས་གནས་རྙེད་པ་ཡིན་ན། དོན་དངོས་ཐོག་ཁོང་ང་ཚོ་རེ་རེ་དང་ཐག་རིང་པོ་མེད། 28 ཁོང་ལ་བརྟེན་ནས་ང་ཚོར་ཚེ་སྲོག་ཡོད་པ་དང་འགྲོ་ཞིང་གནས་ཡོད། ཁྱེད་ཚོའི་སྙན་ངག་མཁན་ཁ་ཤས་ཞིག་གིས་ཀྱང་ “ང་ཚོ་ཡང་ཁོང་གི་བུ་ཕྲུག་ཡིན་ནོ” ཞེས་བཤད་པ་ལྟར་ཡིན།