རོ་མཱ་པ་ལེའུ་བཅུ་གཉིས་པ།

Romans 12


...

2 ད་ལྟའི་ལམ་ལུགས་ཀྱིས་ཁྱེད་ཚོའི་བསམ་བློ་བཟོ་རུ་མ་བཅུག་དང་། བསམ་བློ་གཏོང་སྟངས་གསར་དུ་བཟོས་ནས་རང་ཉིད་ལ་འགྱུར་ལྡོག་གཏོང་དང་། དེ་ལྟར་བྱས་ན་དཀོན་མཆོག་གི་དགོངས་པ་གང་ཡིན་པ་གསལ་པོར་ཤེས་ཐུབ། ཁོང་གི་དགོངས་པ་ནི་བཟང་པོ་དང་ལེགས་འཛོམས། དགའ་འོས་པ་ཞིག་ཡིན།

...

12 རེ་བ་ལ་བརྟེན་ནས་དགའ་སྤྲོ་སྐྱེད་དང་། སྡུག་བསྔལ་མྱང་སྐབས་བཟོད་བསྲན་བྱེད་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྨོན་ལམ་རྒྱག་དང་།

...

17 མི་སུ་ལའང་ངན་ལན་ངན་གྱིས་མ་འཇལ་ཞིག  མི་ཚང་མས་བཟང་པོར་རྩི་བའི་དོན་ལ་བསམ་གཞིགས་གཏོང་དགོས།

...

19 གཅེས་པ་རྣམས། ཁྱེད་ཚོས་རང་གིས་དགྲ་ཤ་མ་ལེན་པར་དཀོན་མཆོག་གི་ཐུགས་ཁྲོ་སྒུགས་ཤིག གང་ཡིན་ཟེར་ན་གསུང་རབ་ནང་ “ཡ་ཧོ་ཝཱས་འདི་ལྟར་གསུངས། ‘དགྲ་ཤ་ལེན་མཁན་ང་ཡིན། ང་ཡིས་ལན་འཇལ’” ཞེས་བཀོད་ཡོད། 20 དེ་ལས་ལྡོག་སྟེ་“ཁྱོད་ཀྱི་དགྲ་བོ་ལྟོགས་ན་ཟ་མ་སྤྲོད་ཅིག ཁོའི་ཁ་སྐོམས་ན་བཏུང་བྱ་སྤྲོད་ཅིག འདི་ལྟར་བྱས་ན་ཁྱོད་ཀྱིས་ཁོའི་མགོ་སྟེང་ལ་འབར་བཞིན་པའི་སོལ་བ་སྤུང་བ་ཡིན”  21 ངན་པ་ཡིས་ཁྱེད་ཚོ་ལས་རྒྱལ་དུ་མ་བཅུག་དང་། ནམ་ཡང་བཟང་པོ་ཡིས་ངན་པ་ལས་རྒྱལ་བར་བྱེད་དགོས།