ཀོ་རིན་ཐུ་པ་དང་པོ་ལེའུ་བཅུ་གཅིག་པ།
1 Corinthians 11
...
23 ངས་གཙོ་བོ་ནས་གང་ཐོབ་པ་དེ་ཁྱེད་ཚོར་ཡང་གཏད་པ་ཡིན། དེ་ནི་གཙོ་བོ་ཡེ་ཤུ་རྒྱབ་གཏོད་མྱོང་རྒྱུའི་མཚན་མོར་ཁོང་གིས་བག་ལེབ་ཅིག་བླངས་ནས་ 24 བཀའ་དྲིན་ཆེ་ཞུས་པའི་རྗེས་སུ་དེ་བགོས་ནས་གསུངས། “འདི་ནི་ཁྱོད་ཚོའི་དོན་དུ་གཏང་རྒྱུའི་ངའི་ལུས་པོའི་མཚོན་བྱེད་ཡིན། ང་ལ་དྲན་གསོ་བྱེད་པའི་ཆེད་དུ་མུ་མཐུད་འདི་ལྟར་བྱོས་ཤིག”
25 ཁོང་ཚོ་དགོང་ཟས་མཆོད་ཚར་བའི་རྗེས་སུ་ཁིང་གིས་ཕོར་པ་ཡང་དེ་བཞིན་དུ་བླངས་ནས་གསུངས། “ཕོར་པ་འདི་ནི་ངའི་ཁྲག་ལ་བརྟེན་ནས་གཞག་རྒྱུའི་ཞལ་ཆད་གསར་པའི་མཚོན་བྱེད་ཡིན། ཁྱེད་ཚོས་ག་དུས་ཀྱང་འདི་འཐུང་དུས་མུ་མཐུད་འདི་ལྟར་བྱས་ནས་ང་ལ་དྲན་གསོ་བྱེད་དགོས”
26 ག་དུས་ཀྱང་བག་ལེབ་འདི་ཟ་ཞིང་ཕོར་པ་འདི་ལས་འཐུང་སྐབས། ཁྱེད་ཚོས་གཙོ་བོ་ཕེབས་པའི་བར་དུ་མུ་མཐུད་ཁོང་གྲོངས་པ་ཁྱབ་བསྒྲགས་བྱེད་བཞིན་ཡོད།



