ཀོ་རིན་ཐུ་པ་དང་པོ་ལེའུ་བཅུ་གསུམ་པ།

1 Corinthians 13


...

4 བརྩེ་བ་ནི་བཟོད་བསྲན་དང་བྱམས་པ་ལྡན། བརྩེ་བ་ནི་ཕྲག་དོག་མེད་པ། འུད་ཤོབ་རང་བསྟོད་མི་བྱེད་པ། རང་རློམ་མི་བྱེད་པ། 5 མ་རབས་སྤྱོད་ངན་མི་བྱེད་པ། རང་ཕན་མི་འཚོལ་བ། ཚིག་པ་ཟ་མི་སླ་བ། མི་གཞན་གྱིས་གནོད་པ་བསྐྱལ་ན་ཡང་འཁོན་འཛིན་མི་བྱེད་པ། 6 དྲང་བདེན་མིན་པའི་དོན་དག་ལ་དགའ་པོ་མི་བྱེད་པར་བདེན་དོན་ལ་དགའ་བ། 7 དོན་ཐམས་ཅད་ལ་བཟོད་སྒོམ་བྱེད་པ། དོན་ཐམས་ཅད་ལ་ཡིད་ཆེས་བྱེད་པ། དོན་ཐམས་ཅད་ལ་རེ་བ་བྱེད་པ། དོན་ཐམས་ཅད་ལ་སྡུག་རུས་བྱེད་པ་ཞིག་ཡིན། 8 བརྩེ་བ་ལ་རྫོགས་མཐའ་མེད།