ཀོ་རིན་ཐུ་པ་དང་པོ་ལེའུ་བཅོ་ལྔ་པ།
1 Corinthians 15
...
3 ང་ལ་གང་ཐོབ་པ་དེ་ངས་ཁྱེད་ཚོར་གཏད་པ་ཡིན། དེའི་ནང་ནས་གལ་ཆེ་ཤོས་ནི་གསུང་རབ་ལ་བྲིས་པ་ལྟར་ཁི་རི་སི་ཐོ་ང་ཚོའི་སྡིག་པའི་ཆེད་དུ་གྲོངས་པ་དང་། 4 དུར་དུ་སྤས་པ། གསུང་རབ་ལ་བྲིས་པ་ལྟར་ཉིན་གསུམ་པར་སླར་གསོན་ནས། 5 ཁོང་ཀེ་ཕཱ་དང་། དེ་ནས་བཅུ་གཉིས་པོ་ལ་མངོན།
...
7 རྗེས་སུ་ཁོང་ཡ་ཀོབ་དང་། དེ་ནས་སྐུ་ཚབ་ཚང་མར་མངོན།
...
24 དེའི་རྗེས་སུ་ཁོང་གིས་སྲིད་གཞུང་ཐམས་ཅད་དང་དབང་ཆ་ནུས་མཐུ་བཅས་ཐམས་ཅད་མེད་པར་བཟོས་ཚར་སྐབས། མཐར་ཐུག་ཏུ་ཁོང་གིས་རྒྱལ་སྲིད་དེ་ཁོང་གི་ཡབ་དཀོན་མཆོག་ལ་འབུལ། 25 དཀོན་མཆོག་གིས་དགྲ་བོ་ཐམས་ཅད་ཁོང་གི་ཞབས་འོག་ཏུ་མ་འཇུག་བར་དུ་ཁོང་གིས་རྒྱལ་པོ་བྱས་ནས་དབང་སྒྱུར་བྱེད་དགོས།
26 མཐའ་མའི་དགྲ་བོ་ཤི་བ་ཡང་མེད་པར་འགྱུར།
...
...
33 མགོ་སྐོར་མ་ཐེབས་པ་བྱེད་དང་། འགྲོགས་འདྲིས་ངན་པས་ཕན་ཐོགས་ཡོད་པའི་གོམས་གཤིས་གཏོར་བརླག་གཏོང་།
...
42 གྲོངས་ཚར་བའི་མི་རྣམས་སླར་གསོན་པའང་དེ་ལྟར་ཡིན། འཇིག་པའི་གཟུགས་ཤིག་ས་ལ་འདེབས་ཀྱང་། སླར་གསོན་པ་ནི་འཇིག་མི་སྲིད་པའི་གཟུགས་ཡིན། 43 མཚན་ཤས་ནང་འདེབས་ཀྱང་། སླར་གསོན་པའི་སྐབས་སུ་གཟི་བརྗིད་དང་ལྡན། སྟོབས་ཞན་ནང་འདེབས་ཀྱང་། སླར་གསོན་པའི་སྐབས་སུ་སྟོབས་ཤུགས་དང་ལྡན། 44 འདེབས་པ་ནི་ཤ་ཁྲག་གི་ལུས་པོ་ཡིན་ཏེ་སླར་གསོན་པ་ནི་གཟུགས་མེད་ལུས་ཡིན། ཤ་ཁྲག་གི་ལུས་པོ་ཡོད་ན་གཟུགས་མེད་ལུས་ཀྱང་ཡོད།



