ཕི་ལིབ་པི་པ་ལེའུ་བཞི་པ།

Philippians 4


...

6 སེམས་ཁྲལ་གང་ཡང་མ་བྱེད་དང་། དོན་དག་གང་གི་སྐོར་ཡིན་ནའང་སྨོན་ལམ་འདེབས་ཤིང་སྐྱབས་འཇུག་ཞུས་ནས། བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཁྱེད་ཚོའི་རེ་འདུན་དཀོན་མཆོག་ལ་ཞུས་དང་།

7 དེ་ལྟར་བྱས་ན་དཀོན་མཆོག་གིས་མིའི་བསམ་ཡུལ་ལས་འདས་པའི་ཞི་བདེ་གནང་། ཞི་བདེ་དེས་ཡེ་ཤུ་ཁི་རི་སི་ཐོ་བརྒྱུད་ནས་ཁྱེད་ཚོའི་སེམས་དང་བསམ་བློ་སྲུང་སྐྱོབ་བྱེད།

8 སྤུན་ཟླ་རྣམས་པ། ཁྱེད་ཚོས་བདེན་པ་དང་། བརྩི་མཐོང་བྱེད་དགོས་པའི་དོན་དག དྲང་བདེན་གྱི་དོན་དག ལྷད་མེད་ཀྱི་དོན་དག བརྩེ་བ་བྱེད་འོས་པའི་དོན་དག སྙན་གྲགས་ཆེ་བའི་དོན་དག ཡ་རབས་ཀྱི་དོན་དག བསྟོད་བསྔགས་གཏོང་འོས་པའི་དོན་དག་བཅས་ཀྱི་སྐོར་མུ་མཐུད་ནས་བསམ་བློ་ཐོང་དང་།

...

13 ང་ལ་ནུས་མཐུ་གནང་མཁན་ལ་བརྟེན་ནས་དོན་ཐམས་ཅེད་ཐོག་ང་ལ་ནུས་སྟོབས་ཡོད།