ཀོ་ལོ་སཱ་པ་ལེའུ་དང་པོ།

Colossians 1


...

15 ཁོང་ནི་མཐོང་མི་ཐུབ་པའི་དཀོན་མཆོག་གི་སྣང་བརྙན་ཡིན་ཏེ་གསར་བསྐྲུན་ཐམས་ཅད་ནང་ནས་ཁོང་ནི་སྲས་དང་པོ་ཡིན། 16 གང་ཡིན་ཟེར་ན་ནམ་མཁའ་དང་ས་སྟེང་དུ་ཡོད་པ། མཐོང་ཐུབ་པ་དང་མཐོང་མི་ཐུབ་པ། ཡང་ན་རྒྱལ་ཁྲི་དང་བདག་དབང་། སྲིད་གཞུང་། དབང་ཆ་བཅས་གང་ཡང་གཞན་ཐམས་ཅད་ནི་ཁོང་བརྒྱུད་ནས་གསར་བསྐྲུན་པ་ཡིན། གཞན་དག་ཐམས་ཅད་ཁོང་བརྒྱུད་ནས་ཁོང་གི་ཆེད་དུ་གསར་བསྐྲུན་པ་ཡིན།