ཐི་མོ་ཐེ་དང་པོ་ལེའུ་དྲུག་པ།

1 Timothy 6


...

7 ང་ཚོ་སྐྱེས་སྐབས་འཛམ་གླིང་དུ་གང་ཡང་ཁྱེར་མ་ཡོང་ལ། འཛམ་གླིང་ནས་གང་ཡང་འཁྱེར་མི་ཐུབ་བས། 8 ང་ཚོ་བཟའ་ཆས་དང་གྱོན་ཆས་ཡོད་ན་བློ་ཡིད་ཚིམ་གྱི་རེད། 9 འོན་ཀྱང་ཕྱུག་པོར་འགྱུར་བར་སེམས་ཐག་བཅད་པའི་མི་རྣམས་ནི་བསླུ་ཁྲིད་དང་རྙི། བླུན་རྨོངས་དང་གནོད་འཚེ་ལྡན་པའི་འདོད་པའི་ནང་དུ་ལྷུང་སྟེ།   འདོད་པ་དེ་དག་གིས་མི་རྣམས་གཏོར་བཤིག་དང་ཉམས་རྒུད་ནང་དུ་འཇུག་གི་རེད། 10 དངུལ་ལ་ཆགས་པ་ནི་གནོད་སྐྱོན་ཐམས་ཅད་ཀྱི་རྩ་བ་ཡིན།   མི་ཁ་ཤས་དངུལ་ལ་ཞེན་ཆགས་པས་དད་པ་དང་ཁ་བྲལ་བ་དང་།   སྡུག་བསྔལ་མང་པོས་རང་ལུས་ཧྲིལ་པོར་རྨས་སྐྱོན་བཟོས་པ་རེད།

...

17 ད་ལྟའི་ལམ་ལུགས་འདི་ནང་གི་ཕྱུག་པོ་རྣམས་ལ་ཁེངས་དྲེགས་མ་བྱེད་པ་དང་། མི་རྟག་པའི་རྒྱུ་ནོར་ལ་རེ་བ་མ་བཅོལ་བར་དཀོན་མཆོག་ལ་རེ་བ་བཅོལ་དགོས་པ་སློབས་དང་། ཁོང་གིས་ང་ཚོ་དགའ་སྤྲོ་སྐྱེད་པའི་དངོས་པོ་ཕུན་སུམ་ཚོག་པ་གནང་།

18 ཡང་ཁོ་ཚོར་ལས་བཟང་བྱེད་པ་དང་། བྱ་སྤྱོད་ལེགས་པ་སྤེལ་བ་དང་། མི་གཞན་དང་མཉམ་སྤྱོད་བྱེད་པར་དགའ་དགོས་པ་བཅས་སློབས་དང་།  19 རྒྱུ་ནོར་དེ་རིགས་བསགས་ནས་མ་འོངས་པའི་ཆེད་དུ་རྨང་གཞི་རྟེན་པོ་ཞིག་བཏིང་ན་ཁོ་ཚོས་ཚེ་སྲོག་ངོ་མ་དམ་འཛིན་བྱེད་ཐུབ།

...