ཐི་མོ་ཐེ་གཉིས་པ་ལེའུ་གསུམ་པ།
2 Timothy 3
1 འོན་ཀྱང་ཁྱེད་ཀྱིས་མཐའ་མའི་དུས་སྐབས་ནི་ཁ་གཏད་འཇལ་དཀའ་བ་དང་ཚབས་ཆེན་པོ་ཡོང་བ་ཤེས་དགོས། 2 སྐབས་དེ་དུས་མི་རྣམས་ཀྱིས་རང་ཁོ་ནར་བརྩེ་བ་དང་དངུལ་ལ་དགའ་བ། ལྟ་བ་མཐོ་བ། ང་རྒྱལ་ཆེ་བ། དཀོན་མཆོག་དང་མི་ལ་དམའ་འབེབས་གཏོང་བ། ཕ་མའི་ཁ་ལ་མི་ཉན་པ། བཀའ་དྲིན་བསམ་ཤེས་མེད་པ། ལྷག་བསམ་མིན་པ། 3 མིའི་རང་བཞིན་གྱི་བརྩེ་གདུང་མེད་པ། མོས་མཐུན་བྱེད་མི་འདོད་པ། སྨད་ར་གཏོང་མཁན། རང་ཚོད་མི་འཛིན་པ། གདུག་རྩུབ་ཅན། བྱ་བཟང་ལ་མི་དགའ་བ། 4 མི་ལ་རྒྱབ་གཏོད་བྱེད་མཁན། རང་ཤེད་ཚ་པོ། ཁེངས་དྲེགས་ཆེ་བ། དཀོན་མཆོག་ལས་སྐྱིད་པོ་ཁོ་ནར་དགའ་བ། 5 དད་ལྡན་གྱི་ཕྱི་ཚུལ་ཡོད་ནའང་དོན་དངོས་ཐོག་དད་པ་མེད་པའི་མི་ཡིན། ཁྱེད་མི་དེ་རིགས་ནས་གཡོལ་ཞིག
...
16 དམ་པའི་གསུང་རབ་ཆ་ཚང་ནི་དཀོན་མཆོག་གི་ནུས་ཤུགས་ཀྱིས་མི་ལ་ཁྲིད་སྟོན་བྱས་ནས་བྲིས་སུ་བཅུག་པ་ཡིན་ཏེ་སློབ་སྟོན་དང་། བསླབ་བྱ་རྒྱག་པ་དང་། ཡོ་བསྲང་བྱེད་པ་དང་། དྲང་བདེན་ལ་བརྟེན་ནས་སྦྱོང་བརྟར་སྤྲོད་པའི་ཐད་ལ་ཕན་ཐོགས་ཡོད།



