ཐི་མོ་ཐེ་གཉིས་པ།3:1-5

“ཁྱེད་ཀྱིས་ཤེས་དགོས་པར་མཐའ་མའི་དུས་ལ་སླེབས་སྐབས་དཀའ་ཚེགས་ཆེ་བའི་དམིགས་བསལ་དུས་ཞིག་ཡིན། སྐབས་དེ་དུས་མི་རྣམས་ཀྱིས་རང་ཁོ་ནར་དགའ་བ་དང་དངུལ་ལ་ཆགས་པ། རང་བསྟོད། ལྟ་བ་མཐོ་བ། ང་རྒྱལ་ཆེ་བ། དམའ་འབེབས་གཏོང་བ། ཕ་མར་རྒྱབ་གཏོད་བྱེད་པ། དྲིན་ལན་ལོག་འཇལ། ལྷག་བསམ་མེད་པ། སྤུན་མཆེད་ཀྱི་བརྩེ་བ་མེད་པ། གྲོས་མཐུན་ལྟར་བྱེད་འདོད་མེད་པ། སྨད་ར་གཏོང་བ། རང་ཚོད་མི་འཛིན་པ། གདུག་རྩུབ་ཅན། བྱ་བཟང་ལ་མི་དགའ་བ། མི་ལ་རྒྱབ་གཏོད་བྱེད་པ། རང་འདོད་ཁེར་སྒྲུབ། ཁེངས་དྲེགས་ཆེ་བ། སྐྱིད་པོ་ཁོ་ནར་དགའ་བ་ལས་དཀོན་མཆོག་ལ་མི་དགའ་བ། ཕྱི་ཚུལ་ནས་ཆོས་སེམས་ཆེན་པོ་ཡོད། ཡིན་ནའང་ཆོས་སེམས་ཡོད་པའི་ནུས་པ་ཐོན་མེད།”