ཨིབ་རི་པ་ལེའུ་བཅུ་གསུམ་པ།
Hebrews 13
1 ཁྱེད་ཚོའི་སྤུན་ཟླའི་བརྩེ་བ་རྒྱུན་སྐྱོངས་ཤིག
...
4 མི་ཐམས་ཅད་ཀྱིས་གཉེན་སྒྲིག་ལ་བརྩི་མཐོང་བྱེད་དགོས། དཀོན་མཆོག་གིས་ཕོ་མོ་བར་གྱི་ཀུན་སྤྱོད་གཙང་མ་མིན་པ་རྣམས་དང་ཕོ་མོ་འགབ་མཐུན་བྱེད་མཁན་ལ་ཉེས་ཆད་གཏང་བས། གཉེན་སྒྲིག་གི་འབྲེལ་བ་ནི་དྲི་མ་མེད་པ་བྱེད་དགོས།
...
16 མ་ཟད་བྱ་བཟང་བྱེད་པ་དང་མི་གཞན་དང་མཉམ་སྤྱོད་བྱེད་པ་དེ་མ་བརྗེད་པ་བྱེད་དང་། གང་ཡིན་ཟེར་ན་དཀོན་མཆོག་ནི་མཆོད་པ་དེ་དག་ལ་ཐུགས་མཉེས།
...
18 ང་ཚོའི་ཆེད་དུ་མུ་མཐུད་དུ་སྨོན་ལམ་འདེབས་དང་། ང་ཚོར་རྒྱུ་དག་དྲང་པོ་ཡོད་པ་དེའི་སྐོར་ང་ཚོ་རང་ཉིད་ལ་ཡིད་ཆེས་ཡོད། ང་ཚོས་དོན་ཐམས་ཅད་ཐོག་དྲང་པོ་ཟོལ་མེད་བྱེད་འདོད་ཡོད།



