ཡ་ཀོབ་ལེའུ་དང་པོ།
James 1
...
5 ཁྱེད་ཚོ་ནང་ནས་སུ་ཞིག་ལ་ཤེས་རབ་མ་འདངས་ན། རྒྱུན་ཆད་མེད་པར་དཀོན་མཆོག་ལ་ཞུ་བ་འཐེན་དང་། ཁོང་མི་ཚང་མར་གཏོང་ཕོད་ཆེ་ལ་བཀའ་བཀྱོན་མི་གནང་བས། དེ་འཐོབ་པར་གནང་། 6 འོན་ཀྱང་མི་དེས་དད་པའི་ངང་ནས་རྒྱུན་ཆད་མེད་པར་ཞུ་བ་འཐེན་དགོས། དོགས་པ་སྤུ་ཙམ་ཡང་ཟ་མི་ཆོག དོགས་པ་ཟ་མཁན་ནི་རླུང་གིས་འདེད་ནས་འཕྱུར་བའི་རྒྱ་མཚོའི་རྦ་རླབས་དང་འདྲ་པོ་ཡོད། 7 དོན་དངོས་ཐོག་མི་དེས་ཡ་ཧོ་ཝཱ་ནས་གང་འཐོབ་རྒྱུའི་རེ་སྒུག་བྱེད་མི་ཐུབ། 8 མི་དེ་བློ་རྩེ་གཉིས་ཅན་ཡིན་ཏེ་རང་གི་འགྲོ་ལམ་ཀུན་ཏུ་བརྟན་པོ་མེད།
...
13 ཉམས་ཚོད་མྱོང་སྐབས་མི་སུས་ཀྱང་“དཀོན་མཆོག་གིས་ངའི་ཉམས་ཚོད་ལེན” ཞེས་ཟེར་མི་ཆོག གང་ཡིན་ཟེར་ན། བྱ་ངན་གྱིས་དཀོན་མཆོག་གི་ཉམས་ཚོད་ལེན་མི་ཐུབ་པས་དཀོན་མཆོག་གིས་ཀྱང་བྱ་ངན་གྱིས་མིའི་ཉམས་ཚོད་མི་ལེན།



