ཡོ་ཧ་ནན་དང་པོ་ལེའུ་གཉིས་པ།

1 John 2


1 ངའི་ཕྲུ་གུ་རྣམས།  ཁྱེད་ཚོས་སྡིག་པ་མ་བཟགས་པའི་ཆེད་དུ་ངས་དོན་འདི་ཚོ་འབྲི་བཞིན་ཡོད། འོན་ཀྱང་གལ་སྲིད་སུ་ཞིག་གིས་སྡིག་པ་བསགས་ནའང་ཡབ་ཀྱི་དྲུང་དུ་ང་ཚོར་རོགས་རམ་གནང་མཁན་དྲང་བདེན་གྱི་ཡེ་ཤུ་ཁི་རི་སི་ཐོ་ཡོད། 2 ཁོང་ནི་ང་ཚོའི་སྡིག་པའི་ཆེད་དུ་བར་འདུམ་ཞུ་བའི་དམར་མཆོད་ཡིན། ང་ཚོ་ཁོ་ན་མ་ཟད་འཛམ་གླིང་གི་མི་ཚང་མའི་སྡིག་པའི་ཆེད་དུ་ཡིན། 3 གལ་སྲིད་ང་ཚོས་དཀོན་མཆོག་གི་བཀའ་ཁྲིམས་ལ་རྒྱུན་དུ་བརྩི་སྲུང་བྱེད་ཡོད་ན། དེའི་སྒོ་ནས་ང་ཚོ་ཁོང་ལ་རྒྱུས་ལོན་ཡོད་པ་ཤེས། 4 སུ་ཞིག་གིས་ “ང་ཁོང་ལ་རྒྱུས་མངའ་ཡོད” ཟེར་ནའང་ཁོང་གི་བཀའ་ཁྲིམས་ལ་བརྩི་སྲུང་མ་བྱས་ན་མི་དེ་རྫུན་བཤད་མཁན་ཡིན་ཏེ་བདེན་དོན་ཡང་ཁོའི་ནང་དུ་མེད། 5 འོན་ཀྱང་སུ་ཞིག་གིས་ཁོང་གི་བཀའ་མོལ་བསྲུངས་ན་མི་དེའི་ནང་ལ་དཀོན་མཆོག་ལ་བརྩེ་སེམས་དངོས་གནས་ལེགས་འཛོམས་ཡོད། 6 འདིའི་སྒོ་ནས་ང་ཚོ་ཁོང་དང་གཅིག་མཐུན་དུ་གྱུར་བ་ཤེས། མི་ཞིག་གིས་ཁོ་དཀོན་མཆོག་དང་གཅིག་མཐུང་ཡོད་ཅེད་ཟེར་ན་ཁོ་ལ་ཡེ་ཤུའི་སྤྱོད་ལམ་ལྟར་འགྲོ་བའི་འོས་འགན་ཡོད།

...

17 འཛམ་གླིང་དང་འཛམ་གླིང་གི་འདོད་ཆགས་འདའ་བཞིན་ཡོད།

འོན་ཀྱང་དཀོན་མཆོག་གི་དགོངས་པ་བཞིན་དུ་སྒྲུབ་མཁན་ནི་དུས་ནམ་ཡང་གནས།