ཡོ་ཧ་ནན་དང་པོ་ལེའུ་བཞི་པ།

1 John 4


...

7 གཅེས་པ་རྣམས། བརྩེ་སེམས་ནི་དཀོན་མཆོག་ནས་ཡིན་པས་ང་ཚོ་མུ་མཐུད་ནས་ཕན་ཚུན་བརྩེ་བ་བྱེད་དགོས། བརྩེ་བ་བྱེད་མཁན་ཚང་མ་དཀོན་མཆོག་ལས་སྐྱེས་ཤིང་དཀོན་མཆོག་ཤེས་ཀྱི་ཡོད།

8 སུ་ཞིག་ཀྱང་བརྩེ་བ་མི་བྱེད་མཁན་དེས་དཀོན་མཆོག་ལ་རྒྱུས་ལོན་མེད། གང་ཡིན་ཟེར་ན་དཀོན་མཆོག་ནི་བརྩེ་བ་ཡིན།

9 དཀོན་མཆོག་གིས་ཁོང་གི་སྲས་གཅིག་པུ་འཛམ་གླིང་དུ་མངགས་པ་དང་། ཁོང་བརྒྱུད་ནས་ང་ཚོར་ཚེ་སྲོག་འཐོབ་པར་གནང་བ་དེ་ལས་དཀོན་མཆོག་གི་བརྩེ་སེམས་ང་ཚོར་མངོན་ཡོད།

...

11 གཅེས་པ་རྣམས། དཀོན་མཆོག་གིས་འདི་ལྟར་ང་ཚོར་བརྩེ་བ་གནང་བ་ཡིན་ན། ང་ཚོར་ཡང་ཕན་ཚུན་བརྩེ་བ་བྱེད་པའི་འོས་འགན་ཡོད།