མངོན་པ་ལེའུ་བཞི་པ།

Revelation 4


...

9 སྲོག་ཅན་དེ་རྣམས་ཀྱིས་བཞུགས་ཁྲིའི་སྟེང་དུ་བཞུགས་པའི་དུས་གཏན་དུ་ནམ་ཡང་གསོན་པའི་དཀོན་མཆོག་ལ་གཟི་བརྗིད་ཕུལ་ནས་གུས་བཀུར་དང་བཀའ་དྲིན་ཆེ་ཞུ་དུས། 10 རྒན་རབས་24་ཡིས་བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་གྱི་དྲུང་དུ་སྐུ་ཕྱག་ཕུལ་བཞིན་རང་གི་དབུ་རྒྱན་རྒྱལ་ཁྲིའི་མདུན་དུ་འཕངས་ནས་འདི་ལྟར་ཞུ། 11 ཀྱེ་ཡ་ཧོ་ཝཱ་ང་ཚོའི་དཀོན་མཆོག ཁྱེད་ནི་གཟི་བརྗིད་དང་། གུས་བཀུར། སྟོབས་ཤུགས་འཐོབ་འོས་པ་ཞིག་ཡིན། གང་ཡིན་ཟེར་ན། ཁྱེད་ཀྱིས་ཐམས་ཅད་གསར་བསྐྲུན་པ་དང་། ཐམས་ཅད་ནི་ཁྱེད་ཀྱི་དགོངས་པ་བཞིན་དུ་བྱུང་བ་དང་གསར་བསྐྲུན་པ་ཡིན།