མངོན་པ་ལེའུ་བདུན་པ།
Revelation 7
...
9 དེ་ནས་ངས་བལྟས་དུས། ལྟོས་ཤིག མི་སུས་ཀྱང་གྲངས་ཀ་རྒྱག་མི་ཐུབ་པའི་མི་ཚོགས་ཆེན་པོ་ཞིག་ཡོད། ཁོ་ཚོ་རྒྱལ་དམངས་དང་རུས་རྒྱུད་དང་མི་རིགས་དང་སྐད་ཡིག་བཅས་ཐམས་ཅད་ནས་ཡིན། ཁོ་ཚོས་གོས་དཀར་པོ་གྱོན་ནས་བཞུགས་ཁྲི་དང་ལུག་གུ་གི་མདུན་དུ་ལངས་ཡོད་པ་དང་། ཁོ་ཚོའི་ལག་པར་ཏ་ལའི་ཤིང་གི་ཡལ་ག་ཡོད།
...
14 དེ་མ་ཐག་ངས་ཁོང་ལ་བཤད། “ངའི་གཙོ་བོ་ལགས། ཁྱེད་རང་གིས་མཁྱེན་ཡོད”
ཁོང་གིས་ང་ལ། “ཁོ་ཚོ་ནི་སྡུག་བསྔལ་ཆེན་མོ་ནས་ཐོན་ཡོང་བའི་མི་རྣམས་ཞིག་ཡིན། ཁོ་ཚོས་རང་གི་གོས་ལུག་གུའི་ཁྲག་གིས་བཀྲུས་ནས་དཀར་གཙང་བར་བྱས་པ་ཡིན།
...
16 ཁོ་ཚོས་སླར་ཡང་བཀྲེས་སྐོམ་མྱང་མི་སྲད། ཡང་ན་ཉི་མ་དང་ཚ་ངད་ཀྱིས་ཁོ་ཚོ་འཚིག་མི་སྲིད། 17 གང་ཡིན་ཟེར་ན་བཞུགས་ཁྲིའི་དཀྱིལ་ལ་བཞུགས་པའི་ལུག་གུ་གིས་ཁོ་ཚོ་འཚོ་སྐྱོང་གནང་ནས་ཚེ་སྲོག་གི་ཆུའི་ཆུ་མིག་རྣམས་སུ་འཁྲིད་ལ། དཀོན་མཆོག་གིས་ཁོ་ཚོའི་མིག་ནས་མིག་ཆུ་ཐམས་ཅད་འབྱིད་གནང་།



