མངོན་པ་ལེའུ་བཅུ་གཉིས་པ།

Revelation 12


...

7 ནམ་མཁར་དམག་འཁྲུག་ལངས་ཏེ།     མི་ཀ་ཨེལ་དང་ཁོང་གི་ཕོ་ཉ་རྣམས་ཀྱིས་འབྲུག་དང་འཐབས། འབྲུག་དང་ཁོའི་ཕ་ཉ་རྣམས་འཐབས་ཀྱང་། 8 རྒྱལ་ཁ་མ་ལོན་ཞིང་། ནམ་མཁར་ཁོ་ཚོའི་གནས་ས་སླར་ཡང་མེད་པར་འགྱུར་བས། 9 འབྲུག་ཆེན་པོ། དང་ཐོག་གི་སྦྲུལ། བདུད་ཡང་ན་ས་ཏན་ཞེས་ཟེར་བའི་ས་གཞི་ཧྲིལ་པོར་མགོ་སྐོར་གཏོང་མཁན་ས་གཞི་ལ་མར་གཡུགས་སོང་།   ཁོའི་ཕོ་ཉ་རྣམས་ཀྱང་ཁོ་དང་མཉམ་དུ་མར་གཡུགས་སོང་།  10 ངས་སྐད་ཆེན་པོ་ཞིག་གིས་ནམ་མཁའ་ནས་འདི་ལྟར་བཤད་པ་ཐོས་བྱུང་།

“ད་སྲུང་སྐྱོབ་དང་ནུས་མཐུ་དང་ང་ཚོའི་དཀོན་མཆོག་གི་རྒྱལ་སྲིད་དང་ཁི་རི་སི་ཐོའི་དབང་ཆ་བཅས་ཐམས་ཅད་དངོས་སུ་གྲུབ་སོང་། གང་ཡིན་ཟེར་ན་ང་ཚོའི་སྤུན་ཟླ་རྣམས་ལ་ཉེས་འཛུགས་མཁན། དཀོན་མཆོག་གི་མདུན་དུ་ཉིན་མཚན་ཁོ་ཚོར་ཉེས་འཛུགས་མཁན་དེ་མར་གཡུགས་སོང་།

...

12 འདིའི་རྐྱེན་གྱིས་ནམ་མཁའ་དང་ནམ་མཁར་སྡོད་པ་རྣམས་དགའ་སྤྲོ་སྐྱེད་ཤིག   འོན་ཀྱང་ས་དང་རྒྱ་མཚོ་ལ་ཆགས་སྒོ་འབྱུང་། གང་ཡིན་ཟེར་ན་བདུད་ཀྱིས་རང་ལ་དུས་ཡུན་ཐུང་ངུ་ལས་མེད་པ་ཤེས་ནས་ཁོང་ཁྲོ་ཆེན་པོ་ལངས་ཤིང་ཁྱོད་ཚོའི་རྩར་བབ་སོང་།