མངོན་པ་ལེའུ་བཅུ་བཞི་པ།

Revelation 14


1 ངས་བལྟས་དུས། ལྟོས་ཤིག ལུག་གུ་རི་བོ་ཙི་ཡོན་སྟེང་དུ་ལངས་ཡོད།  ཁོང་དང་མཉམ་དུ་མི་144,000ཡོད་པ་དང་།  ཁོང་གི་མཚན་དང་ཁོང་གི་ཡབ་ཀྱི་མཚན་ཁོ་ཚོའི་དཔྲལ་བའི་སྟེང་དུ་བྲིས་ཡོད།

...

6 ངས་ཕོ་ཉ་གཞན་ཞིག་བར་སྣང་ལ་འཕུར་བ་མཐོང་བྱུང་། ཁོང་ལ་ས་སྟེང་དུ་གནས་པའི་མི་རྣམས། རྒྱལ་དམངས་དང་རུས་རྒྱུད། སྐད་རིགས། མི་རིགས་སོ་སོར་ཁྱབ་བསྒྲགས་བྱེད་རྒྱུའི་དུས་ནམ་ཡང་གི་གཏམ་བཟང་ཡོད། 7 ཁོང་གིས་སྐད་ཤུགས་ཆེན་པོས “དཀོན་མཆོག་ལ་འཇིགས་ནས་ཁོང་ལ་གཟི་བརྗིད་ཕུལ་ཞིག ཁོང་གིས་འདྲི་གཅོད་གནང་བའི་དུས་སྐབས་སླེབས་པས། ཁྱོད་ཚོས་གནམ་ས་དང་རྒྱ་མཚོ་དང་ཆུ་མིག་བཅས་བཟོས་མཁན་གཙོ་བོར་དད་བཀུར་ཞུས་ཞིག” ཅེས་བཤད།