འགོད་པ་ལེའུ་དང་པོ།
Genesis 1
1 ཐོག་མར་དཀོན་མཆོག་གིས་ནམ་མཁའ་དང་ས་གཞི་གསར་སྐྲུན་གནང་།
...
26 དཀོན་མཆོག་གིས་ “ང་ཚོའི་སྣང་བརྙན་ལྟར་ང་ཚོ་དང་འདྲ་པོ་ཡོད་མཁན་མིའི་རིགས་བཟོ་དགོས། ཡང་རྒྱ་མཚོའི་ཉ་དང་གནམ་ལ་འཕུར་བའི་འདབ་ཆགས། ཕྱུགས་རིགས་དང་ས་སྟེང་དུ་གོག་འགྲོ་བྱེད་པའི་སྲོག་ཆགས་ཐམས་ཅད་ཁོ་ཚོར་དབང་དུ་འཇུག་དགོས” ཞེས་གསུངས།
...
28 ད་དུང་དཀོན་མཆོག་གིས་ཁོ་ཚོར་བདེ་ལེགས་སྤེལ་ནས་གསུངས། ཁྱོད་ཚོའི་རིགས་རྒྱུད་མང་པོ་འཕེལ་ཞིང་ས་གཞིར་ཁྱབ་ནས་དེ་ལ་དབང་བྱོས་ཤིག ཡང་རྒྱ་མཚོའི་ཉ་དང་གནམ་ལ་འཕུར་བའི་འདབ་ཆགས། ས་སྟེང་དུ་འགྲོ་བའི་སྲོག་ཆགས་ཐམས་ཅད་ཁྱོད་ཚོའི་དབང་དུ་ཆུག་ཅིག



