འགོད་པ་ལེའུ་གཉིས་པ།

Genesis 2


...

7 དཀོན་མཆོག་ཡ་ཧོ་ཝཱས་སའི་ཐལ་བ་ལས་མི་བཟོས་གནང་སྟེ་དེའི་སྣ་ཁུང་ལ་ཚེ་སྲོག་གི་དབུགས་བླུགས་པས། མི་དེ་མི་གསོན་པོ་ཞིག་ཏུ་གྱུར།

...

15 དཀོན་མཆོག་ཡ་ཧོ་ཝཱས་མི་དེ་ཨེ་དེན་གྱི་ལྡུམ་རའི་ནང་དུ་བཞག་ནས་ཁོ་ལ་ལྡུམ་ར་དེ་རྨོ་ནས་ལྟ་རྟོག་བྱས་སུ་བཅུག 16 དཀོན་མཆོག་ཡ་ཧོ་ཝཱས་མི་ལ་བཀའ་འདི་གནང་། “ལྡུམ་རའི་ནང་གི་ཤིང་གང་ཞིག་ནས་ཀྱང་ཁྱོད་འདོད་བློ་ཁེངས་པར་ཟ་ཆོག 17 ཡིན་ནའང‘བཟང་ངན་གྱི་ཤེས་ཡོན་གྱི་ཤིང’ནས་ཁྱོད་ཀྱིས་ཟ་མི་ཆོག གང་ཡིན་ཟེར་ན་དེ་ཟ་བའི་ཉིན་མོར་ཁྱོད་ཤི་ངེས་ཡིན”

18 དེའི་རྗེས་སུ་དཀོན་མཆོག་ཡ་ཧོ་ཝཱས་“མི་འདི་མུ་མཐུད་གཅིག་པུར་བསྡད་ན་མི་ལེགས། ངས་ཁོ་དང་འཚམ་པའི་རོགས་པ་བྱེད་མཁན་ཞིག་བཟོ་དགོས” ཞེས་གསུངས།

...

21 དཀོན་མཆོག་ཡ་ཧོ་ཝཱས་མི་དེ་གཉིད་ལྗི་པོ་ཞིག་ཁུག་ཏུ་བཅུག  ཁོ་གཉིད་ཉལ་བའི་སྐབས་སུ་ཁོང་གིས་ཁོའི་རྩིབ་མ་གཅིག་བཏོན་ནས་དེའི་ཤུལ་དུ་ཤ་ཡིས་བསུབས། 22 དེ་ནས་དཀོན་མཆོག་ཡ་ཧོ་ཝཱས་མི་ནས་བཏོན་པའི་རྩིབ་མ་ནས་བུད་མེད་ཅིག་བསྐྲུན་ནས་མི་དེའི་རྩར་ཁྲིད་གནང་།

...

24 དེའི་རྐྱེན་གྱིས་སྐྱེས་པས་ཁོའི་ཕ་མ་དང་ཁ་བྲལ་ནས་རང་གི་ཆུང་མ་དང་དམ་པོར་སྦྲེལ་ཏེ། ཁོ་གཉིས་གཅིག་ཏུ་འགྱུར།