གསུང་མགུར་ལེའུ་བརྒྱ་དང་གསུམ་པ།

Psalm 103


...

7 དཀོན་མཆོག་གིས་མོ་ཤེར་ཁོང་གི་ལམ་ཁ་ཤེས་སུ་བཅུག     

ཁོང་གི་མཛད་པ་ཨི་སི་ར་ཨེལ་ལ་ཤེས་སུ་བཅུག

8 ཡ་ཧོ་ཝཱ་ནི་བྱམས་བརྩེ་དང་སྙིང་རྗེ་ལྡན།

དགོངས་པ་འཚོམས་པར་མི་བདེ་དང་ལྷག་བསམ་འགྱུར་མེད་པའི་བརྩེ་སེམས་འབེལ་པོ་ལྡན།

9 ཁོང་གིས་དུས་རྟག་ཏུ་སྐྱོན་བརྗོད་མི་གནང་།

ཁོང་རྒྱུན་ཆད་མེད་པར་ཐུགས་ཁྲོ་མི་གནང་།

10 ཁོང་གིས་ང་ཚོའི་སྡིག་པ་བཞིན་དུ་ང་ཚོར་ཆད་པ་བཅད་མ་བྱུང་ལ།

ང་ཚོའི་སྡིག་ཉེས་བཞིན་དུ་ང་ཚོར་ཕོག་འོས་པའི་ཉེས་ལན་བསློགས་མ་བྱུང་།

...

12 ཤར་ནས་ནུབ་ཐག་རིང་བ་ལྟར།  

   ཁོང་གིས་ང་ཚོའི་ཁྲིམས་འགལ་ང་ཚོ་ལས་ཐག་རིང་པོར་བཞག

13 ཕ་ཡིས་བུ་ལ་བྱམས་སྐྱོང་བྱེད་པ་ལྟར།

   ཡ་ཧོ་ཝཱས་ཁོང་ལ་གུས་བཀུར་ཞུ་མཁན་ལ་བྱམས་སྐྱོང་གནང་།

14 ཁོང་གིས་ང་ཚོའི་གྲུབ་ཚུལ་གསལ་པོར་མཁྱེན།

   ཁོང་གིས་ང་ཚོ་ཐལ་བ་ནས་གྲུབ་ཡོད་པ་དྲན།