གསུང་མགུར་ལེའུ་བརྒྱ་དང་བཞི་པ།
Psalm 104
...
5 ཁོང་གིས་ས་གཞི་དེའི་རྨང་གཞིའི་སྟེང་དུ་བཞག
ས་གཞི་དུས་གཏན་དུ་ནམ་ཡང་དེའི་གནས་ས་ནས་འགུལ་མི་སྲིད།
...
15 མིའི་སེམས་ལ་དགའ་སྤྲོ་སྐྱེད་པའི་ཆང་རག་དང་། ངོ་མདངས་འཕྲོ་རུ་བཅུག་པའི་སྣུམ། མིའི་སེམས་ལ་ནུས་སྟོབས་གསོ་བའི་བག་ལེབ་བཅས་གནང་།
...
24 ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་མཛད་པ་གང་འདྲ་མང་།
ཁྱེད་ཀྱིས་དེ་ཚོ་ཐམས་ཅད་ཤེས་རབ་ཀྱི་སྒོ་ནས་བསྐྲུན།
ས་གཞི་ཡོངས་ཁྱེད་ཀྱིས་བཟོས་པའི་དངོས་པོས་ཁེངས་ཡོད།



