ཡོ་ནཱ་ལེའུ་དང་པོ།
Jonah 1
1 ཡ་ཧོ་ཝཱའི་བཀའ་མོལ་ཨ་མི་ཐ་ཨི་གི་བུ་ཡོ་ནཱ་ལ་བྱུང་ནས་འདི་ལྟར་གསུངས། 2 “ལོངས་ནས་གྲོང་ཁྱེར་ཆེན་པོ་ནི་ནེ་ཝེ་ལ་སོང་། ཁོ་ཚོའི་བྱ་བ་ངན་པ་ངའི་དོ་སྣང་བྱེད་སར་འགྱུར་བས། ཁོ་ཚོར་ཁྲིམས་གཅོད་ཀྱི་ཉེན་བརྡ་ཁྱབ་བསྒྲགས་བྱེད་ཅིག”
3 འོན་ཀྱང་ཡོ་ནཱ་ལངས་ཏེ་ཡ་ཧོ་ཝཱའི་མདུན་ནས་ཐར་ཤིས་ཟེར་བའི་ས་ཆ་ལ་བྲོས། ཁོ་གྲོང་ཁྱེར་ཡོབ་ཕཱ་ལ་མར་ཕྱིན་ནས་ཐར་ཤིས་ལ་འགྲོ་བའི་གྲུ་གཟིངས་རྙེད་པས། ཁོས་གླ་ཆ་སྤྲད་ནས་ཁོ་ཚོ་དང་མཉམ་དུ་ཡ་ཧོ་ཝཱའི་མདུན་ནས་ཐར་ཤིས་ལ་འགྲོ་བའི་ཆེད་དུ་གྲུ་གཟིངས་སྒང་ལ་ཕྱིན་སོང་།
...
15 དེ་ནས་ཁོ་ཚོས་ཡོ་ནཱ་ཡར་བཀྱགས་ནས་རྒྱ་མཚོ་ནང་དུ་དབྱུགས་པ་དང་།
དེ་མ་ཐག་རྒྱ་མཚོའི་རྦ་རླབས་དྲག་པོ་ཞི་བ་རེད།
...
17 ཡ་ཧོ་ཝཱས་ཉ་ཆེན་པོ་ཞིག་མངགས་ནས་ཡོ་ན་ཁྱུར་མིད་བཏང་དུ་བཅུག་པས། ཡོ་ནཱ་ཉ་དེའི་གྲོད་ཁོག་ནང་དུ་ཉིན་མཚན་གསུམ་བསྡད།



