ཡོ་ནཱ་ལེའུ་གཉིས་པ།

Jonah 2


1 སྐབས་དེར་ཡོ་ནཱ་ཡིས་ཉ་དེའི་གྲོད་ཁོག་ནང་ནས་དཀོན་མཆོག་ཡ་ཧོ་ཝཱར་སྨོན་ལམ་འདེབས་ནས་བཤད།

2 ངའི་དཀའ་ཚེགས་ནང་ནས་ང་ཡ་ཧོ་ཝཱར་འབོད་པ་དང་།

  ཁོང་གིས་ང་ལ་ལན་གནང་བྱུང་།

  ང་དུར་སའི་གཏིང་ནས་སྐྱོབ་རོགས་ཞུ་བར་སྐད་བཏང་།

  ཁྱེད་རང་ངའི་སྒྲ་ལ་གསན་བྱུང་།