མད་ཐཱ་ལེའུ་ཉི་ཤུ་རྩ་བརྒྱད་པ།

Matthew 28


1 ངལ་གསོའི་ཉིན་མོ་འདས་པའི་རྗེས་ཀྱི་གཟའ་འཁོར་དེའི་ཉིན་དང་པོར། གནམ་ལངས་པའི་དུས་སུ་མཱག་ད་ལའི་མི་མིར་ཡམ་དང་མིར་ཡམ་གཞན་པ་དུར་ས་ལྟ་བར་སླེབས།

2 ས་ཡོམ་ཆེན་པོ་ཞིག་བྱུང་ཟིན་ཡོད་པ་དང་། ཡ་ཧོ་ཝཱའི་ཕོ་ཉ་ནམ་མཁའ་ནས་མར་བབས་ནས་རྡོ་དེ་ཕར་བསྒྲིལ་བའི་རྗེས་སུ་དེའི་སྟེང་དུ་བཞུགས་ཡོད། 3 ཁོང་གི་རྣམ་པ་གློག་འཁྱུག་པ་ལྟར་ཡིན་པ་དང་། ཁང་གི་གྱོན་ཆས་ཁ་བ་ལྟར་དཀར་གསལ་ཡོད།

4 ལྟ་སྲུང་བྱེད་མཁན་རྣམས་ཞེད་སྣང་སྐྱེས་པས་འདར་སིག་སིག་བྱས་ནས་ཤི་བ་ལྟར་གྱུར།

5 འོན་ཀྱང་ལྷའི་ཕོ་ཉས་བུད་མེད་ལ། “ཞེད་མི་དགོས། ངས་ཁྱེད་གཉིས་ཀྱིས་ཀ་བའི་སྟེང་དུ་གྲོངས་པའི་ཡེ་ཤུ་འཚོལ་བཞིན་ཡོད་པ་ཤེས་ཀྱི་ཡོད། 6 ཁོང་འདིར་བཞུགས་མེད། ཁོང་ཉིད་ཀྱིས་དེ་སྔོན་གསུངས་པ་ལྟར་ཁོང་སླར་གསོན་པ་རེད། ཁྱེད་གཉིས་ཤོག་དང་། ཁོང་གི་སྐུ་ཕུང་འཇོག་སར་ལྟོས་དང་། 7 དེ་ནས་མགྱོགས་པོ་རྒྱུགས་ཤིག ཡེ་ཤུ་སླར་གསོན་པ་དེ་ཁོང་གི་རྗེས་འབྲང་པ་རྣམས་ལ་ཤོད་དང་། ཁོང་ཁྱེད་ཚོ་ལས་སྔོན་ལ་ཀཱ་ལི་ལི་ཡུལ་ལ་སླེབ་རྒྱུ་རེད། ཁྱེད་ཚོ་དེར་ཁོང་དང་མཇལ་ཡོང་། ད་ངས་ཁྱེད་ཚོར་བཤད་ཚར” ཞེས་བཤད།

8 ཁོ་མོ་གཉིས་འཇིགས་སྣང་དང་དགའ་ཚོར་ཆེན་པོ་སྐྱེས་ཤིང་དུར་ཁང་ལས་ཁ་བྲལ་བ་དང་། རྗེས་འབྲང་བ་རྣམས་ལ་སྙེན་སེང་ཞུ་བར་བརྒྱུགས། 9 གློ་བུར་དུ་ཡེ་ཤུ་ཁོ་མོ་གཉིས་དང་ཐིག་ནས་ “ཞོགས་པ་བདེ་ལེགས” ཞེས་གསུངས་། ཁོ་མོ་གཉིས་ཚུར་ཡོང་ནས་ཁོང་གི་ཞབས་འཇུས་ཏེ་སྐུ་ཕྱག་ཕུལ། 10 ཡེ་ཤུས་ཁོ་མོ་གཉིས་ལ། “ཞེད་མི་དགོས། རྒྱུགས་ཤིག ངའི་སྤུན་ཟླ་རྣམས་ལ་སྙན་སེང་བྱས་ནས་ཁོ་ཚོ་ཀཱ་ལི་ལི་ཡུལ་ལ་འགྲོ་རུ་བཅུག་དང་། ཁོ་ཚོས་ས་ཆ་དེར་ང་དང་ཐུག་ཡོང” ཞེས་གསུངས།

11 ཁོ་མོ་གཉིས་ལམ་ཁར་འགྲོ་བཞིན་ཡོད་སྐབས་སྲུང་དམག་ཁ་ཤས་ཤིག་གྲོང་ཁྱེར་དུ་འཛུལ་ནས་གནས་ཚུལ་གང་བྱུང་བ་ཚང་མ་མཆོད་དཔོན་གཙོ་བོ་རྣམས་ལ་སྙེན་སེང་བྱས། 12 མཆོད་དཔོན་གཙོ་བོ་རྣམས་ཀྱིས་རྒན་རབས་རྣམས་དང་གྲོས་བསྡུར་བྱས་པའི་རྗེས་སུ་དམག་མི་རྣམས་ལ་དངུལ་མང་པོ་སྤྲད་པ་དང་། 13 “ཁྱོད་ཚོས་ ‘མཚན་མོར་ཁོའི་རྗེས་འབྲང་པ་རྣམས་ཡོང་ནས་ང་ཚོ་གཉིད་ཁུག་པའི་དུས་ལ་ཁོ་བརྐུས་པ་རེད’ ཅེས་ཤོད་ཅིག 14 གལ་སྲིད་དོན་དག་འདི་སྤྱི་ཁྱབ་ཀྱིས་ཐོས་སོང་ན་ང་ཚོས་ཁོང་ལ་འགྲེལ་བཤད་བྱས་ཆོག ཁྱོད་ཚོ་སེམས་ཁྲལ་བྱེད་མི་དགོས” ཞེས་བཤད། 15 དམག་མི་རྣམས་ཀྱིས་དངུལ་དེ་ལེན་ནས་ཁོ་ཚོའི་བཀའ་ལྟར་བྱས་པས། གཏམ་དེ་ད་བར་དུ་ཡཱ་ཧུ་དཱ་པའི་ཁྲོད་དུ་ཁྱབ་ཡོད།

16 རྗེས་འབྲང་པ་བཅུ་གཅིག་པོ་དེ་ཚོ་ཀཱ་ལི་ལི་ཡུལ་དུ་ཕྱིན་པ་དང་། ཡེ་ཤུས་གཏན་འཁེལ་གནང་བའི་རི་བོར་སླེབས། 17 ཁོ་ཚོས་ཡེ་ཤུ་མཐོང་ནས་སྐུ་ཕྱག་ཕུལ། འོན་ཀྱང་མི་ཁ་ཤས་ཤིག་ད་དུང་ཐེ་ཚོམ་སྐྱེས། 18 ཡེ་ཤུ་ཁོ་ཚོའི་རྩར་ཕེབས་ནས་གསུངས། “ནམ་མཁའ་དང་ས་སྟེང་གི་དབང་ཆ་ཐམས་ཅད་ང་ལ་གནང་ཡོད་པས། 19 ཁྱེད་ཚོ་འགྲོ་ལ། རྒྱལ་དམངས་ཐམས་ཅད་ལ་ངའི་རྗེས་འབྲང་པ་བྱེད་དུ་བཅུག་སྟེ། ཡབ་དང་སྲས། དཀོན་མཆོག་གི་ནུས་ཤུགས་བཅས་ཀྱི་མིང་ཐོག་ནས་ཁོ་ཚོར་ཆུ་ལ་སྦངས་སྲོལ་བྱེད་དགོས། 20 ཡང་ངས་ཁྱེད་ཚོར་གནང་བའི་བཀའ་ཐམས་ཅད་སྲུང་བར་ཁོ་ཚོར་སློབ་སྟོན་བྱེད་དགོས།  ལྟོས་ཤིག ལམ་ལུགས་འདི་མཇུག་སྒྲིལ་བའི་བར་དུ་ཉིན་གང་ཞིག་ཀྱང་ང་ཁྱེད་ཚོ་དང་མཉམ་དུ་ཡོད”